སུད་སི་ནང་བོད་དོན་ལས་འགུལ་སྤེལ་ཡོད་པ།

སུད་སི་བོད་དོན་རྒྱབ་སྐྱོར་ཚོགས་པས་སུད་སི་སྲིད་འཛིན་ལ་ཨོ་ལིམ་པིཀ་སྒོར་འབྱེད་མཛད་སྒོར་ཕེབས་རྒྱུ་མེད་པའི་སྙན་ཞུ་ཕུལ་འདུག

2008.07.04

༄༅༎སུད་སི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པས་སུད་སི་མི་དམངས་ཁྲི་དྲུག་གི་ས་ཡིག་བསྡུ་རུབ་གནང་སྟེ་སྲིད་འཛིན་པས྄་ཀལ་ཀའུ་ཅི་པིན་མཆོག་ལ་ཕྱི་ཟླ་བརྒྱད་པའི་ནང་ཚོགས་རྒྱུའི་རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་རྒྱུ་མེད་པའི་སྙན་ཞུ་ཞིག་ཕུལ་ཡོད་པ་རེད།

སུད་སི་སྲིད་འཛིན་མཆོག་གིས་ཁ་སྔོན་ཕྱི་ཟླ་ལྔ་པའི་ཟླ་མཇུག་ཏུ་ཁོང་རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་རྒྱུ་ཡོད་པའི་གསལ་བསྒྲགས་གནང་བའི་སྐབས་སུད་སི་ནི་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་ཨ་མ་དང་དེ་བཞིན་རྒྱལ་སྤྱིའི་རྩེད་མོའི་ཚོགས་པ་ཁག་རྟེན་གཞི་བྱེད་ཡུལ་ཞིག་ཡིན་པར་བརྟེན་ནས་སུད་སི་སྲིད་འཛིན་ཨོ་ལིམ་པིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་རྒྱུ་ངེས་གཏན་ཡིན་པའི་སྐོར་གསུངས་ཡོད་པར་བརྟེན་ད་རེས་སུད་སི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཞི་ཐུན་མོང་གི་ཐོག་ནས་སྲིད་འཛིན་རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་འགྲན་གྱི་སྒོ་འབྱེད་འཛད་སྒོར་ཕེབས་རྒྱུ་མེད་པའི་འབོད་སྐུལ་གྱི་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་སྟེ་སྙན་ཞུ་དེ་བཞིན་རེས་གཟའ་ཕུར་བུའི་ཉིན་སུད་སི་གཞུང་ལ་ཕུལ་བ་དང་ད་དུང་དེ་ཉིན་ཚོགས་པ་བཞིས་སུད་སི་གཞུང་གིས་རྒྱ་ནག་གི་ཨོ་ལམ་པིཀ་རྩེད་འགྲན་གྱི་རིང་ལ་རྒྱ་ནག་གཞུང་གི་བཙན་གནོན་འོག་གནས་པའི་བོད་མ་བརྗེད་པ་བྱེད་དགོས་ཞེས་པའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎