རྒྱ་མིའི་དབང་སྒྱུར་ལ་བོད་མིའི་ངོ་རྒོལ་བྱེད་ཤུགས་ཆེ་རུ་ཕྱིན་པ།

དེང་སྐབས་བོད་ནང་རྒྱ་མིའི་དབང་སྒྱུར་ལ་བོད་མི་ཚོས་ངོ་རྒོལ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང༌དགོན་སྡེ་ཁག་ཏུ་ནང་ཆོས་དར་སྤེལ་སྐོར།

2011.10.26

༄༅༎དེང་སྐབས་བོད་ནང་རྒྱ་མིའི་དབང་སྒྱུར་ལ་བོད་མི་ཚོས་ངོ་རྒོལ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང༌། ཕྱོགས་མཚུངས་བོད་ཤར་ཕྱོགས་ཁུལ་གྱི་བོད་པའི་དགོན་སྡེ་ཁག་ཏུ་ནང་ཆོས་དར་སྤེལ་གནང་བ་དང་ཆབས་ཅིག་བོད་མི་རིགས་ཀྱི་ལ་རྒྱ་དང་།སྐད་ཡིག་དང་རིག་གཞུང་གི་རིན་ཐང་མི་ཉམ་རྒྱུན་འཛིན་ཤུགས་ཆེ་གནང་བཞིན་ཡོད་པ་རེད།
ཉེ་བའི་ལོ་ཤས་ནང་བོད་པའི་དགོན་སྡེ་ཁག་གི་ནང་ལོ་འཁོར་ཚོགས་མཆོད་སྐབས་གྲ་དམངས་ཀྱི་འདུ་ཚོགས་གཞི་རྒྱ་ཆེ་རུ་ཕྱིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ཐོག་དབང་བསྒྱུར་བྱས་ནས་བོད་པའི་མི་རིགས་དང་རིག་གཞུང༌། སྐད་ཡིག་བཅས་རྩ་མེད་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་གནས་སྟངས་སྐོར་དགེ་འདུན་པ་ཚོས་བགྲོ་གླེང་དང་དོ་འཁུར་ཆེན་པོ་གནང་བཞིན་ཡོད་ལུགས་བོད་ནང་གི་གནས་ཚུལ་ལ་ཉམས་ཞིབ་གནང་མཁན་ཚོར་གཟིགས་ཚུལ་བྱུང་འདུག།
དེ་སྔ་ཡིན་ན་དགོན་པ་། གྲ་ཚང་ཁག་གིས་བོད་རྒྱུད་ནང་བསྟན་གྱི་ཆོ་ག་ཕྱག་ལེན་ཉམས་ལེན་ཅིག་པུའི་ཐོག་དོ་འཁུར་གནང་གི་ཡོད་ནའང༌། དེང་སང་དགོན་སྡེ་ཁག་གིས་འགན་འཁུར་བཞེས་སྟངས་ལ་འགྱུར་བ་ཕྱིན་འདུག་ཅེས་བོད་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཅིག་གིས་གསུངས་གི་འདུག། ཉེ་དུས་ཕྱི་ཟླ་དགུ་པ་དང་བཅུ་པ་གཉིས་སུ་ཁམས་ཁུལ་གྱི་དགོན་པ་མང་པོ་ཞིག་ནང་སྐྱ་སེར་མང་ཚོགས་ཕོན་ཆེ་འདུས་ནས་བོད་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་ཕྱོགས་སྐོར་བགྲོ་གླེང་རྒྱ་ཆེ་གནང་འདུག། དཔེར་ན་ཕྱི་ཟླ་༡༠ཚེས་༦ནས་༡༣བར་དཀར་མཛེས་ཁུལ་གྱི་ སེར་ཤུལ་དགོན་པར་གསེར་སྐྱ་མི་མང་ཁྲི་གཉིས་ཙམ་འདུས་ནས་གོང་ཞུས་གནད་དོན་སྐོར་བགྲོ་གླེང་གནང་ཡོད་པ་དང༌། ཡང་དེའི་གོང་ཕྱི་ཟླ་༡༠ཚེས་༢ནས་༥བར་ དཀར་མཛེས་རྫོགས་ཆེན་དགོན་དུ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ནས་མི་མང་ཁྲི་གཅིག་ལྷག་ཙམ་ལ་བཟང་སྤྱོད་བསྟོན་བཏང་སྐོར་སློབ་སྟོན་གནང་ཡོད་ཅིང༌། སྐབས་དེར་གཞོན་སྐྱེས་མང་པོ་ཞིག་གིས་ཆང་རག་དང་གྱན་རྩེད་སྤོངས་རྒྱུའི་ཁས་ལེན་བྱས་པ་དང༌། བོད་ཆས་གཙང་མ་གྱོན་རྒྱུའི་དམ་བཅའ་ཡང་བཞག་འདུག།  དེ་བཞིན་ཁམས་ནང་ཆེན་ཁུལ་གྱི་དགོན་པ་ཞིག་དུ་དགེ་འདུན་པ་༡༤༠༠ཙམ་འདུ་འཛོམས་ཀྱིས་ བོད་པའི་རིག་གཞུང་དང་སྐད་ཡིག་ལ་དོ་སྣང་བྱེད་དགོས་པའི་སྐོར་བགྲོ་གླེང་གནང་བའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎