བོད་མི་ཡེ་ཤེས་ཆོས་སྒྲོན་ལ་བཙོན་འཇུག་ཉེས་ཆད་ལོ་༡༥བཏང་བ།

ལྷ་ས་གྲོང་ཁྱེར་ནང་གནས་སྡོད་གནང་མཁན་ཡེ་ཤེས་ཆོས་སྒྲོན་ལགས་ཞུ་བར་མི་ལོ་བཅོ་ལྔ་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་འདུག

2009.10.06

༄༅༎ལྷ་ས་གྲོང་ཁྱེར་ནང་གནས་སྡོད་གནང་མཁན་ཡེ་ཤེས་ཆོས་སྒྲོན་ལགས་ཞུ་བར་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ན་ནིང་ཕྱི་ཟླ་གསུམ་པའི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་བྱེད་པའི་སྐབས་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱིའི་རྒྱལ་ཁབ་ཁག་ལ་མཁོ་སྤྲོད་བྱས་པའི་ནག་ཉེས་ཉེས་འཛུགས་ཀྱིས་མི་ལོ་བཅོ་ལྔ་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

ཡེ་ཤེས་ཆོས་སྒྲོན་ལགས་ནི་ད་ལོ་དགུང་གྲངས་༥༤ཡིན་པ་དང་དེ་སྔོན་ལྷ་ས་ནོར་བུ་གླིང་ཁའི་ཉེ་འཁྲིས་ཀྱི་སྨན་ཁང་ནང་དུ་སྨན་པའི་ཕྱག་ལས་གནང་སྟེ་བགྲེས་ཡོལ་ཕེབས་ཏེ་མི་ལོ་འགའ་ཤས་འགྲོ་གི་ཡོད་པ་དང་ད་ལྟ་བཞུགས་ཡུལ་ར་མོ་ཆེ་ཁུལ་དུ་ཡིན་ཞིང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་བཅད་ཕྲའི་ནང་ཨེམ་རྗེ་ཡེ་ཤེས་ཆོས་སྒྲོན་ལགས་སུ་མི་ལོ་བཅོ་ལྔ་བཙོན་འཇུག་གི་ཉེས་ཆད་བཏང་བ་དེ་ནི་ན་ནིང་ཕྱི་ཟླ་བཅུག་པའི་ཚེས་བདུན་ཉིན་ཐག་གཅོད་བྱས་པ་ཞིག་ཡིན་ལུགས་དང་ད་དུང་མི་ལོ་ལྔའི་ཆབ་སྲིད་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་ཡོད་པ་རེད། བཙན་བྱོལ་བོད་གཞུང་གསར་འགྱུར་གྱི་དྲ་རྒྱ་དེའི་ཐོག་ལ་ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་བདོ་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དོན་རྐྱེན་བྱུང་བའི་སྐབས་དེར་རྒྱ་ནག་གཞུང་གིས་ཨེམ་རྗེ་ཡེ་ཤེས་ཆོས་སྒྲོན་ལགས་འཛིན་བཟུང་བྱེད་དགོས་པའི་ནག་ཉེས་ཇི་ཡིན་ཉེས་འཛུགས་གང་ཡང་མ་བྱས་པར་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་དུས་དེ་ནས་བཟུང་ཁོང་གི་ནང་མི་སོགས་མི་སུ་གཅིག་དང་ཐུག་འཕྲད་བྱེད་པའི་ཐོབ་ཐང་མ་སྤྲད་པ་དང་ད་ཆ་ཁོང་ལྷ་སའི་ཉེ་འཁོར་གྱི་བཙོན་ཁང་ཞིག་ནང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད། ད་དུང་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་ལ་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བར་གཞིགས་ན་བོད་ཀྱི་རྒྱལ་ས་ལྷ་སར་འདི་ལོའི་ས་ག་ཟླ་བའི་དགེ་སྦྱོར་གྱི་དུས་ཆེན་དེའི་སྐབས་ཀྱི་ཕྱི་ཟླ་དྲུག་པའི་ཚེས་བདུན་དང་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཆོས་ཕྱོགས་ཀྱི་དུས་ཚེགས་ཁྱད་པར་ཅན་དེའི་ཉིན་བོད་མི་ཚོས་བསང་གསོལ་གཏོང་བའི་བྱེད་སྒོ་སྤེལ་བའི་སྐབས་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་དང་ཡིན་ནའང་མང་པོ་ཞིག་རྗེས་སུ་གློད་བགྲོལ་བཏང་ཡོད་ཀྱང་བོད་ཀྱི་ཆབ་མདོ་ཁུལ་གྱི་འཇོ་མདའ་ས་གནས་ནས་ཡིན་པ་དང་ལྷ་སའི་གྲོང་ཁྱེར་ནང་དུ་ཚོང་ཁང་ཞིག་གི་སྦྱིན་བདག་ཡིན་པ་ལོ་ན་ལྔ་བཅུ་ལ་ཕེབས་པ་ཚེ་སྟོབས་ལགས་ཞུ་བར་ད་དུང་གློད་འགྲོལ་བཏང་མེད་པ་མ་ཟད་ཁོང་གི་ནང་མི་ཚོར་ཐུགས་འཕྲད་རྩ་བ་ནས་བྱེད་དུ་མ་བཅུགས་པའི་ཁར་བཙོན་ཁང་གང་དུ་དོ་དམ་བྱེད་བཞིན་ཡོད་མེད། ནག་ཉེས་གང་ཞིག་གི་ཐོག་ནས་འཛིན་བཟུང་བྱས་པ་ཡིན་མིན་སོགས་རྩ་བ་ནས་ཤེས་རྟོགས་མེད་པའི་གནས་སྟངས་སུ་གྱུར་ཡོད་པ་རེད། ད་དུང་ན་ནིང་བོད་མི་ཚོའི་ཞི་བའི་རྔམ་སྟོན་གྱི་ངོ་རྒོལ་ལས་འགུལ་དེའི་སྐབས་སྤང་ས་དགོན་པའི་མཁན་པོ་ཐུབ་བསྟན་ལུང་རིགས་ལགས་དང་སྐུ་ཞབས་ཉི་མ་བསྟན་འཛིན་ལགས་ བློ་བཟང་བསྟན་དར་ལགས་ སྤེན་པ་ལགས་ ལྷག་པ་ཚེ་རིང་ལགས་ བསྟན་པ་འཕྲིན་ལས་ལགས་ ལྷག་པ་ལགས་ ཐུབ་བསྟན་ཉི་མ་ལགས་ རྒྱ་མཚོ་ལགས་ སྐལ་བཟང་ལགས་བཅས་དགེ་འདུན་པ་བཅིུག་འཛིན་བཟུང་བྱས་པ་རྣམས་ཤི་སོན་གང་ཡིན་གོ་རྒྱུ་ཐོས་རྒྱུ་མེད་པར་གྱུར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎