རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་དང་ཐུག་འཕྲད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་ཅའང་ཅུ་ཕང་དང་ཐུག་འཕྲད།

2011.04.28

༄༅༎ཕྱི་ཚེས་༢༦ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་དང་ཚོགས་གཞོན་བསམ་བརྟན་ཆོས་སྒྲོན་ལགས་གཉིས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལྟ་སྐོར་དུ་འབྱོར་བའི་ རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་ཅའང་ཅུ་ཕང་དང་ཐུག་འཕྲད་གནང་བར་ཕེབས་ནས་བོད་ནང་གི་གཞིས་ལུས་བོད་མི་ཚོའི་ཐོག་རྒྱ་ནག་གིས་དམ་བསྒྲཌ་བྱེད་བཞིན་ཡོད་པའི་གནད་དོན་སྤྱི་དང་ལྷག་པར་དུ་ད་ལྟའི་སྐབས་འདིར་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཐོག་རྒྱ་ནག་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་སྟངས་འགྲེལ་བརྗོད་ཞུས་འདུག།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་ཀྱིས་ཟི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་ཅའང་ཅུ་ཕང་ལ་བོད་ནང་དྲག་གནོན་མྱོང་བཞིན་པའི་བོད་མི་ཚོར་ཁྲིམས་ཐོག་ནས་སྲུང་སྐྱོབ་འཕྲལ་དུ་དགོས་རྒྱུའི་སྙན་ཞུ་ཞིག་གནང་ཡོད་པ་མ་ཟད། བོད་ནང་གི་གླུ་མ་འཇམ་དབྱངས་སྐྱིད་ལགས་ཀྱིས་རྩོམ་བྲིས་གནང་བའི་མནར་གཅོད་ཀྱི་གོ་རིམ། བཅར་རྡུང་གི་ཉིན་དེབ་ཞེས་པ་དེ་དང་ཁ་བཏགས་ཅིག་བཅས་ཕུལ་འདུག།

ཕྱི་ཚེས་༢༥ནས་བཟུང་ཉིན་གྲངས་གསུམ་རིང་ཅིའང་ཅུ་ཕང་རྒྱ་གར་ལ་ལྟ་སྐོར་བྱེད་བར་སླེབས་ཡོད་པ་དང༌། ཁོང་གིས་བོད་ཀྱི་བུད་མེད་ཚོགས་པའི་སྙན་ཞུ་དེ་ལེན་ཡོད་པ་དང༌། གནད་དོན་དེ་ཚོའི་ཐོག་ལྟ་ཞིབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་སྐོར་ བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག།

ཡང་གསལ་བསྒྲགས་དེའི་ནང༌། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོ་མཇལ་གནང་རྒྱུ་དང༌། དེ་ནས་ལྡི་ལིའི་ནང་ཡོད་པའི་འཛམ་གླིང་རྒྱལ་ཁབ་༡༢༥པའི་གཞུང་ཚབ་ཁང་ལ་ཕེབས་ནས་ རྒྱ་ནག་གིས་བོད་མདོ་སྨད་རྔ་པ་ཁུལ་དུ་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་ཐབས་སུ་འཛམ་གླིང་ཡུལ་གྲུ་ཁག་ནས་རྒྱ་ནག་ཐོག་གནོན་ཤུགས་སྐྱོན་དགོས་པའི་འབོད་སྐུལ་ཞུས་གནང་ཡག་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎