བོད་ཀྱི་རྔ་པ་ཁུལ་དུ་དམ་བསྒྲགས་མུ་མཐུད་བྱེད་བཞིན་པ།

བོད་ཀྱི་ཨ་མདོ་རྔ་པ་ཁུལ་དུ་ཁྲིམས་གཅོད་དམ་བསྒྲཌ་ཀྱི་་གནས་ཚུལ་མུ་མཐུད་ནས་ཐོན་བཞིན་པ་ཤེས་རྟོགས་བྱུང་འདུག་

2011.05.10

༄༅༎བོད་ཀྱི་ཨ་མདོ་རྔ་པ་ཁུལ་དུ་ཁྲིམས་གཅོད་དམ་བསྒྲཌ་ཀྱི་་གནས་ཚུལ་མུ་མཐུད་ནས་ཐོན་བཞིན་པ་ཤེས་རྟོགས་བྱུང་འདུག་། བོད་ནས་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་འབྱོར་དོན་ལྟར་ན་ བོད་ཀྱི་མདོ་སྨད་རྔ་པ་ཁུལ་གྱི་རྔ་བ་སྒོ་མང་དགོན་གྱི་ན་གཞོན་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་འབར་ཁམས་མི་དམངས་ཁྲིམས་ཁང་གིས་ ལོ་ངོ་བཞི་དང་ཟླ་བ་དྲུག་གི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་མ་ཟད་ ཁོང་གི་མ་རྒན་དང་སྤུན་མཆེད་རྒན་པ་གཉིས་ལ་ཁྲིམས་ཐག་གཅོད་རྒྱུའི་བརྡ་ཡིག་འབྱོར་རྗེས་འབར་ཁམས་བཀག་ཉར་ཁང་དུ་འགྲོ་དུས་ཁྲིམས་ཆོད་ཀྱི་ཡིག་ཆ་བསྟན་པ་ལས་ འབྲོག་རུ་ཚུལ་ཁྲིམས་དངོས་སུ་ཐུག་སྤྲད་ཀྱི་གོ་སྐབས་གནང་མེད་པ་རེད་འདུག་། ཉིན་ཤས་རྗེས་སུ་ཚུལ་ཁྲིམས་ལགས་འབར་ཁམས་བཀག་ཉར་ཁང་ནས་ཁྲིན་ཏུའི་གྲོང་ཁྱེར་ནང་བཙོན་འཇུག་བྱེད་རྒྱུ་ཡིན་པ་ཤེས་རྟོགས་བྱུང་འདུག་། འབྲོག་རུ་ཚུལ་ཁྲིམས་ལགས་ཕྱི་ལོ་༢༠༡༠་ཟླ་ ༥་ ཚེས་ ༢༤་ ཉིན་རྔ་བ་སྒོ་མང་དགོན་ནས་ཐེངས་གཉིས་འཛིན་བཟུང་བཀག་ཉར་བྱས་པའི་མི་སྣ་ཞིག་ཡིན་པ་རེད་འདུག་། དེ་བཞིན་རྔ་པ་རྗོང་གི་ཕྱུགས་ལས་གོང་མའི་ཆོས་རྒྱམ་ཚང་གི་ཆོས་རྒྱམ་ཞུས་པའི་བོད་རིགས་རང་ལོ་ ༣༣་ཙམ་ཡིན་པ་ཞིག་ཀྱང་ཕྱི་ཟླ་བཞི་པའི་ཟླ་དཀྱིལ་ཙམ་ནང་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ཉེ་སྔོན་ཁྲིན་ཏུ་གྲོང་ཁྱེར་གྱི་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཉེན་རྟོག་པ་མཉམ་འབྲེལ་བྱས་ཏེ་རྗོང་ཐོག་ཏུ་ཡོད་པའི་ཁོང་གི་ཨ་མ་དང་ འབྲོག་ཁུལ་དུ་ཡོད་པའི་ཁོང་གི་ནང་ཁྱིམ་ལ་་བསྔོག་བཤེར་བྱས་ཡོད་ཅིང་། དེ་ནས་ནང་མི་རྣམས་ཀྱིས་ཁྲིན་ཏུར་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་ རྔ་པ་ཀིརྟི་དགོན་པའི་གྲ་རྩོམ་པ་པོ་སྒོ་ཤེས་རབ་གློད་བཀྲོལ་མ་བཏང་བར་དུ་གར་སོང་ཆ་མེད་ཀྱི་གནས་སུ་གནས་ཡོད་པ་སོགས་གནས་ཚུལ་མང་པོ་ཡོང་གི་ཡོད་པའི་གནས་ཚུལ་ཤེས་རྟོགས་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎