བོད་པའི་བུད་མེད་ལ་སྙིང་སྟོབས་ཆེ་བའི་གཟེངས་བསྟོད།

རྒྱལ་སྤྱིའི་བེུད་ཀྱི་གསར་འགོད་ཐེབས་རྩ་ཞེས་པའི་ཚོགས་པ་དེས་རྩོམ་པ་པོ་གྲངས་ཅན་ཚེ་རིང་འོད་ཟེར་ལགས་སུ་བྱ་དགའ་འབུལ་བཞེས་མཛད་རྒྱུ།

2010.05.15

༄༅༎རྒྱལ་སྤྱིའི་བེུད་ཀྱི་གསར་འགོད་ཐེབས་རྩ་ཞེས་པའི་ཚོགས་པ་དེས་བོད་པའི་བེུད་རྩོམ་པ་པོ་གྲངས་ཅན་ཚེ་རིང་འོད་ཟེར་ལགས་སུ་ཕྱི་ལོ་༢༠༡༠ལོའི་སྙིང་སྟོབས་ཆེ་བའི་གསར་འགོད་པ་ཞེས་པའི་གཟེངས་བསྟོད་བྱ་དགའ་ཞིག་འབུལ་བཞེས་མཛད་རྒྱུ་ཡིན་པ་རེད།

རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་གནས་སྡོད་གནང་བཞིན་པའི་དགུང་གྲངས་༤༣ལ་ཕེབས་པའི་རྒྱ་ཡིག་ཐོག་རྩོམ་བྲིས་སྤེལ་མཁན་བོད་རིགས་བེུད་འོད་ཟེར་ལགས་ནི་སྤྱི་ལོ་༡༩༦༦ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཡོད་པ་དང་དེ་སྐབས་ཁོང་གི་པ་ལགས་ནི་རྒྱ་མིའི་བཅིངས་བཀྲོལ་དམག་མི་ཞིག་ཡིན་པ་རེད། འོད་ཟེར་ལགས་ཁམས་སྡེ་དགེ་ཁུལ་དུ་འཚར་ལོངས་བྱུང་ནས་རྒྱ་ནག་ཏུ་སློབ་སྦྱོང་གནང་རྗེས་ད་ཕན་འོད་ཟེར་ལགས་ཀྱིས་བོད་མི་མང་གི་དཀའ་ངལ་དེ་ཚོ་རྒྱ་ཡིག་ཐོག་རྩོམ་འབྲི་བྱས་ཡོད་པ་དེ་ཚོ་རྒྱ་ཡིག་དང་འབྱིན་ཡིག། བོད་ཡིག་སོགས་ཀྱི་ཐོབ་ཕབ་བསྒྱུར་གྱིས་འགྲེམས་སྤེལ་མང་པོ་བྱས་ཡོད་པ་དེ་ཚོར་རྒྱ་རིགས་དང་བོད་རིགས་དེ་བཞིན་ཕྱིའི་རྒྱ་མི་རིགས་སོགས་ཀྱིས་ཉམས་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་འོད་ཟེར་ལགས་སུ་གནོན་ཤུགས་དང་དམ་བསྒྲགས་བྱེད་དགོས་དོན་གཙོ་བོ་ཞིག་ནི་རྣམ་ཀུན་ནས་འོད་ཟེར་ལགས་ཀྱིས་བོད་མིའི་དབུ་ཁྲིད་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་བ་དེ་རྒྱ་ནག་གིས་༸གོང་ས་མཆོག་ནི་ཁ་བྲལ་རིང་ལུགས་པ་ཞེས་བརྗོད་ཡོད་པ་དང་ དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་གནས་ཚུལ་རྒྱལ་སྤྱིའི་ནང་འདོན་སྤེལ་བྱས་པར་རྒྱ་ནག་གཞུང་གིས་འོད་ཟེར་ལགས་སུ་མི་དགའ་བའི་རྒྱུ་མཚན་གཙོ་བོ་ཞིག་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎