བཙན་བྱོལ་བོད་གཞུང་ནས་རྒྱ་གར་ནང་ཞི་བའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་གསུངས་བ།
2008.04.17
༄༅༎བཙན་བྱོལ་བོད་གཞུང་ནས་རྒྱལ་ས་ལྡི་ལིའི་ནང་ཨོ་ལིམ་པིཀ་ཡིི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་ཞི་བའི་ཐོག་ནས་ལས་འགུལ་སྤེལ་དགོས་ལུཊ་གསུངས་ཡོད་འདུག དེ་ཡང་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་དྲིལ་བསྒྲཊ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལཊ་སུ་ད་རིེང་ཨེ་ཨེཕ་པི་གསར་འགོད་པས་བཀའ་འདྲི་ཞུས་པའི་སྐབས། བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་མི་ཚོར་ད་རིང་རྒྱལ་ས་ལྡི་ལི་ནང་ཨོ་ལིམ་པིཀ་ཡི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་ལས་འགུལ་སྤེལ་དགོས་པ་དང་། རྒྱ་ནག་གཞུང་ལ་མཛད་དཀའ་ཡོང་གཞིའི་ལས་འགུལ་རིཊ་རྩ་བ་ནས་སྤེལ་རྒྱུ་མེད་ལུཊ་འབོད་སྐུལ་ཞུས་ཡོད་ལུཊ་གསུངས་པ་དང་ཆབས་ཅིག་རྒྱ་གར་གཞུང་ནི་ད་བར་ལོ་མང་པོའི་རིང་བོད་མི་ཚོར་མཐུན་འགྱུར་གནང་མཁན་བཀྲིན་ཧ་ཅང་ཆེན་པ་ཡིན་པས་དེ་དོན་ཚང་མས་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་གཟིཊ་ཀྱི་ཡོད་ཅེས་བཀའ་ལན་གནང་འདུག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དཔལ་འབར་བསྐོར་བསྐྱོད་སྐབས་ཟིང་ཆའི་རིགས་རྩ་བ་ནས་བྱ་རྒྱུ་མེད་ལུགས་བཀའ་ནན་པོ་གནང་ཡོད་པ་རེད། རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲེན་གྱི་དཔལ་འབར་ད་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བསྐོར་བསྐྱོད་བྱེད་ཀྱི་ཡོད་པ་དང༌། རྒྱ་གར་གཞུང་ནས་སྲུང་སྐྱོབ་ཧ་ཅང་དམ་པོ་གནང་ཡོད་པ་རེད༎