དཔལ་འབར་ཇོ་མོ་གླང་མའི་སྟེང་འབྱོར་བ་ལ་་སྐྱོན་བརྗོད།

རྒྱ་ནག་གིས་དཔལ་འབར་ཇོ་མོ་གླང་མའི་སྟེང་འཁྱེར་པ་ནི་བོད་ཐོག་བདག་དབང་ཡོད་ཚུལ་སྟོན་པ་ཡིན་ལུཊ་གསུངས་འདུག

2008.05.08

༄༅༎རྒྱ་ནག་གིས་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་དེ་ཇོ་གླང་མའི་རི་རྩེར་འཁྱེར་བ་དེས། བོད་ཐོག་རྒྱ་ནག་གི་བདག་དབང་ཡོད་ཚུལ་ནན་བརྗོད་བྱ་རྒྱུའི་དོན་དུ་ཡིན་སྐོར་རྒྱ་གར་དང་བལ་ཡུལ་གཉིས་ནང་གནས་སྡོད་བཙན་བྱོལ་བོད་མི་ཚོས་ཁོང་ཁྲོ་ཆེན་པོས་སྐྱོན་བརྗོད་གནང་འདུག

བཙན་བྱོལ་བོད་གཞུང་གི་ལྟེ་གནས་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར། བོད་མི་མང་པོས་བརྙན་འཕྲིན་ཐོག་རྩེད་འགྲན་གྱི་དཔལ་འབར་དེ་བོད་ཀྱི་རི་བོ་ཇོ་མོ་

གླང་མའི་རི་རྩེར་འཁྱེར་བའི་གནས་ཚུལ་གཟིགས་ཡོད་པ་རེད། དེའི་ནང་ནས་བོད་རིགས་བསྟན་འཛིན་བློ་གསལ་ལགས་ཞུ་བས་རྩེད་འགྲེན་གྱི་དཔལ་འབར་དེ་ཇོ་

མོ་གླང་མའི་རི་རྩེར་སྤར་སྐབས་ངའི་སེམས་ནང་མ་སྐྱིད་པ་ཞེ་པོ་ཞིག་བྱུང་ཞེས་ རུཡེ་ཊར ་གསར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག ཡང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷན་ཁང་གི་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ནས། ད་ལྟ་བོད་ནང་གནས་སྟངས་ཛ་དྲག་དེ་ཙམ་ཡོད་པའི་སྐབས་དེར་བོད་ཕྱོགས་ནས་དཔལ་འབར་དེ་ཇོ་མོ་གླང་མའི་རི་རྩེར་འཁྱེར་བ་དང་། བོད་མི་ཚོའི་ཐོག་རྒྱ་ནག་གིས་དྲག་གནོན་ཤུགས་ཆེ་དེ་ཙམ་བྱེད་བཞིན་པ་དེ། ཨོ་ལིམ་པིཀ རྩེད་འགྲན་གྱི་གཞི་རྩའི་སྙིང་དོན་དང་མཐུན་གྱིས་མེད་པའི་སྐོར་འགྲེལ་བརྗོད་གནང་འདུག དེ་དང་ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་རྣམས་ཀྱིས་རྒྱ་མིའི་གཞུང་ཚབ་ཁང་མདུན་དུ། བོད་རང་བཙན་ཡིན་པ་དང་དཔལ་འབར་ ཇོ་མོ་གླང་མའི་སྟེང་འཁྱེར་པ་དེར་ངོ་རྒོལ་ཡོད་ཅེས་སྐད་འབོད་ཤུགས་ཆེ་གནང་བར་བརྟེན། བལ་ཡུལ་ཉེན་རྟོག་པས་བོད་མི་་ ༢༡༠ འཛིན་བཟུང་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎