རྒྱ་གཞུང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ།

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་སློབ་ཁྲིད་བྱ་འགོ་བཙུགས་ཏེ། བོད་ཀྱི་རིག་གཞུང་གཅེས་སྲུང་བྱེད་ཀྱི་ཡོད་ཚུལ་གྱི་ འདྲ་དཔར་དང་བཅས་ དྲིལ་བསྒྲགས་རྒྱ་ཆེ་བྱེད་བཞིན་ཡོད་པ་རེད།

2012.09.07

༄༅།   །སྔར་ལོ་བོད་ཀྱི་མདོ་སྨད་ས་ཁུལ་ནང་རྒྱ་ནག་གཞུང་གིས་སློབ་གྲྭའི་ནང་སློབ་འཁྲིད་བྱ་རྒྱུའི་སློབ་དེབ་ཁག་ཀྱང་རྒྱ་ཡིག་ནང་བསྒྱུར་ཏེ། བོད་ཀྱི་སྐད་ཡིག་སློབ་གཉེར་བྱ་རྒྱུར་དམ་དྲག་བྱས་པར་ཕྱོགས་གང་སར་ངོ་རྒོལ་ཐོན་པའི་རྗེས་ ད་ཆ་རྒྱ་ནག་གིས་རྒྱལ་སྤྱིའི་ནང་དཔར་འགྲེམས་བྱེད་བཞིན་པའི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ནང་དུ་ རྒྱ་ནག་གཞུང་གིས་ བོད་ཀྱི་ས་ཁུལ་ནང་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་སློབ་ཁྲིད་བྱ་འགོ་བཙུགས་ཏེ། བོད་ཀྱི་རིག་གཞུང་གཅེས་སྲུང་བྱེད་ཀྱི་ཡོད་ཚུལ་གྱི་འདྲ་དཔར་དང་བཅས་དྲིལ་བསྒྲགས་རྒྱ་ཆེ་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གི་གཞུང་འབྲེལ་ཤེང་ཝ་གསར་འགྱུར་ལས་ཁང་དང་། དབྱིན་ཡིག་ནང་འདོན་སྤེལ་བྱས་པའི་རྒྱ་ནག་ཉིན་རེའི་གསར་ཤོག་China Daily སོགས་ཀྱི་ནང་ རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་ཁུལ་ཁག་ནང་། སྔོན་འགྲོའི་སློབ་གྲྭ་ནས་འགོ་བཙུགས་བོད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་དབྱེ་བ་མེད་པར་སློབ་གྲྭ་ཁག་གི་ནང་ སྔོན་འགྲོའི་སློབ་གྲྭ་ནས་འགོ་བཙུགས་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་སློབ་ཁྲིད་བྱ་འགོ་བཙུགས་ཡོད་པའི་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གི་དྲིལ་བསྒྲགས་ནང་དེ་སྔོན་བོད་ཀྱི་སྤྱི་ཚོགས་རྙིང་པའི་སྐབས་མང་ཚོགས་བྱིངས་ཀྱི་་ཕྲུ་གུར་ཤེས་ཡོན་གྱི་གོ་སྐབས་མེད་པ་དང་། དེང་སྐབས་རྒྱ་ནག་གི་གཞུང་འཛིན་འོག་ཤེས་ཡོན་གྱི་གོ་སྐབས་བཟང་པོ་ཐོབ་བཞིན་ཡོད་ལུགས་སོགས་ཀྱི་དྲིལ་བསྒྲགས་བྱེད་བཞིན་ཡོད་ནའང་། བཙན་བྱོལ་ནང་༧གོང་ས་མཆོག་གི་དབུ་ཁྲིད་འོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ནང་ སློབ་གྲྭ་ཁག་གསར་བཙུགས་ཀྱིས། བོད་རིགས་སློབ་ཕྲུག་སྟོང་ཕྲག་མང་པོར་དེང་དུས་ཀྱི་ཤེས་ཡོན་སྤྲད་དེ་ རྒྱལ་སྤྱིའི་ནང་དཔུང་པ་མཉམ་གཤིབ་བྱེད་བཞིན་ཡོད་པའི་དོན་དངོས་འདི་ ངོས་འཛིན་ཐུབ་ཀྱི་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎