བཞུགས་སྒར་དུ་མཁས་པའི་བགྲོ་གླེང་།

བོད་དང་ཐེ་ཝན། མདུན་ལམ་དང་འགྲེན་རྩོད་ཅེས་པའི་མཁས་པའི་བགྲོ་གླེང་སྐབས། ཐུན་མོང་གི་ཐོག་ནས་ཉམས་ཞིབ་ཀྱི་ལས་དོན་ཡར་རྒྱས་གཏོང་ཐབས་སྐོར་གླེང་འདུག

2012.09.13

༄༅།  །ཁ་སང་ཚེས་༡༢ཉིན་བཞུགས་སྒར་ཉེ་འཁྲིས་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་ནང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག        བོད་དང་ཐེ་ཝན་མདུན་ལམ་དང་འགྲེན་རྩོད་ཅེས་པའི་བརྗོད་གཞིའི་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་དང་། དྲུང་ཆེ། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན། ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་བཅས་འབྲེལ་ཡོད་ཁག་ཅིག་དང་། ཡང་ཐེ་ཝན་ཕྱོགས་ནས་ཅུང་ཧ྄་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཚན་ཆེན་ཡོན་དང་། རྒྱལ་ཡོངས་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཆུ་ཆེང་ཆི་སོགས་འབྲེལ་ཡོད་ཁག་ཅིག་ནས་མཉམ་ཞུགས་གནང་ཡོད་པ་རེད།

སྐབས་དེར་བོད་དང་། ཐེ་ཝན་གཉིས་ཀྱི་དཀའ་རྙོག་འདྲ་པོ་ཡོད་པའི་ཕྱོགས་ཀྱི་གནད་དོན་ཐོག་ཕན་ཚུན་གོ་བསྡུར་སྦྱང་བཤད་དང་། བསམ་ཚུལ་བརྗེ་ལེན་བྱེད་རྒྱུ། དེ་བཞིན་ཐུན་མོང་གི་ཐོག་ནས་ཉམས་ཞིབ་ཀྱི་ལས་དོན་ཡར་རྒྱས་གཏོང་ཐབས། ལྷག་པར་དུ་ཕྱི་ཟླ་བཅུ་གཉིས་པའི་མཇུག་ཏུ་འབྲེལ་མཐུད་བཟང་དུ་གཏོང་ཐབས་སུ་དམིགས་ནས་ཚོགས་འདུ་ཞིག་གོ་སྒྲིག་ཞུ་རྒྱུའི་འཆར་བཀོད་གནང་བ་སོགས་ཀྱི་གྲོས་མོལ་གནང་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎