རྒྱ་ནག་དཔོན་རིགས་ཚོས་བོད་མི་དང་རྒྱ་རིགས་བར་དབྱེ་འབྱེད།

བོད་ནང་ས་གནས་གང་སར་རྒྱ་ནག་གཞུང་གི་སྤྱི་བདེ་ཁྲིམས་ཁང་སོགས་ས་གནས་དཔོན་རིགས་ཚོས་བོད་རིགས་དང་རྒྱ་རིགས་དབར་དབྱེ་འབྱེད།

2011.04.09

༄༅༎ད་ཕན་བོད་ནང་སྤྱི་ལོ་༢༠༠༨ལོར་བོད་ཁྱོན་ཡོངས་ཀྱི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་འཛིན་ལ་ངོ་རྒོལ་བྱས་ཏེ་བོད་དང་ བོད་མིའི་ཐོབ་ཐང་ཆེད་དུ་དགོས་འདུན་བཏོན་པའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཤོས་ཤིག་སྤེལ་ཡོད་པ་དེ་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་ཡོད་པ་རེད།  དེ་ནས་བཟུང་ད་བར་བོད་ནང་ས་གནས་གང་སར་རྒྱ་ནག་གཞུང་གི་སྤྱི་བདེ་ཁྲིམས་ཁང་སོགས་ས་གནས་དཔོན་རིགས་ཚོས་བོད་རིགས་དང་རྒྱ་རིགས་དབར་དབྱེ་འབྱེད་ཕྱོགས་ལྷུང། ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པའི་སྐོར་བོད་ནང་ས་གནས་བོད་རིགས་རྒན་རབ་ཅིག་གིས་འདི་གའི་ཨ་མདོའི་སྐད་ཡིག་སྡེ་ཚན་གྱི་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་སུ་འགྲེལ་བརྗོད་བྱས་ཡོད་འདུག

གོང་དུ་འགྲེལ་བརྗོད་གནང་བ་བཞིན་བོད་ནང་རྒྱ་ནག་གཞུང་གིས་བོད་རིགས་དང་རྒྱ་རིགས་ཀྱི་དབར་མི་རིགས་དབྱེ་འབྱེད་ཀྱི་ཕྱོགས་ལྷུང་ངན་པ་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎