ཨུ་རུ་སུའི་ནང་བོད་མིར་གདུང་སེམས་མཉམ་སྐྱེའི་ལས་འགུལ།

ཨུ་རུ་སུ་དོན་ཁང་གིས་གོ་སྒྲིག་འོག་ནང་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་བ།

2012.02.08

༄༅།།བོད་ཀྱི་ས་ཁུལ་བྲག་མགོ་དང། རྔ་པ། གསེར་རྟ། རྒྱལ་རོང་། དཀར་མཛེས་སོགས་ཀྱིས་གཙོས་བོད་ནང་བོད་མི་བརྒྱ་ཕྲག་མང་པོས་ཞི་རྒོལ་བྱེད་སྐབས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་རྐྱེན་འདས་སུ་བཏང་བ་དང་། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་སྟེ་ད་ལྟའི་ཆར་ཡང་ས་ཁུལ་དེ་ཚོའི་ནང་ཛ་དྲག་གི་གནས་སྟངས་འོག་ལྷུང་ཡོད་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ རེས་གཟའ་ལྷག་པའི་ལྷག་དཀར་ཉིན་དང་སྟབས་བསྟུན། བོད་དང་བོད་མིའི་ཐོབ་ཐང་ཆེད་བོད་རིགས་མང་པོ་ཞིག་གིས་རང་ལུས་མེ་བསྲེགས་བཏང་བ་དང་རྒྱ་ནག་གཞུང་གི་བཙོན་བཅུག་འོག་ཚུད་པ་དེ་ཉེས་བརྡུང་འོག་རྨས་སྐྱོན་ཤོར་བ་སོགས་རྒྱ་ནག་གཞུང་གི་གདུག་རྩུབ་དྲག་གནོན་གྱི་སྲིད་བྱུས་འོག་བཙན་གནོན་དང་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་གོང་ཚེས་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་ཆེད་མཆོད་འབུལ་སྨོན་ལམ་གནང་དགོས་ལུགས་བཀོད་ཁྱབ་ཕེབས་དོན་ལྟར། ཨུ་རུ་སུ་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་གནང་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་(Open World Center) དུ་ནང་པ་དང་བོད་དོན་རྒྱབ་སྐྱོར་བ་བཅས་མཉམ་འཛོམས་ཀྱིས་ཐོག་མར་སྐུ་ཚབ་དོན་ཁང་གིས་གདུང་སེམས་མཉམ་སྐྱེའི་ལས་འགུལ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། ཕྱི་དྲོ་ཆུ་ཚོད་ ༧།༣༠ ཐོག་སྨོན་ལམ་གསུང་འདོན་དང་ཚོགས་མཆོད་འབུལ་ལམ་ཞུ་རྒྱུ་དང། དེ་བཞིན་གྲོང་ཁྱེར་སེན་ཊི་པི་ཊར་སི་སྦག་(St.Petersberg)ཏུ་ཁལ་མུཀ་དང། སྦུར་ཡ། ཐུ་ལྦའི་ནང་པ་དང་བོད་དོན་རྒྱབ་སྐྱོར་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྒྱུའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎