ལྷ་སར་ལོ་གསར་སྲུང་བརྩི་དགོས་པའི་བཙན་བཀའ་བཏང་བ།

ཞབས་གཞས་རིགས་ཆེད་སྦྱོང་གིས་ལྷ་སའི་ནང་ལོ་གསར་སྲུང་བརྩི་བྱེད་ཀྱི་ཡོད་པའི་རྣམ་པ་མཚོན་ཐབས་བྱ་རྒྱུ་ཡིན་འདུག

2012.02.19

༄༅།།འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༨ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན།  ལྷ་སར་གྲོང་ཁྱེར་འབྲེལ་ཡོད་ཚན་པས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྲིད་ཁྲིམས་ཚན་པའི་ལས་ཁུངས་ཁག་གཙོ་བོར་གྱུར་བའི་ལས་ཁུངས་ཁག་གི་ལས་བྱེད་དང་།  མང་ཚོགས་རྣམས་ལ་བོད་ཀྱི་ལོ་གསར་དགའ་གཏོང་ཆེད་ངེས་པར་ཞབས་གཞས་སྦྱང་སྟེ་འཁྲབ་སྟོན་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད།  ལྷག་པར་དུ་ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་ཨུ་ཡོན་ལྷན་ཁང་སོ་སོ་ནས་ཐེམ་དུད་བརྒྱ་རེ་འདེམས་སྒྲུག་གིས་ཞབས་གཞས་འཁྲབ་རྒྱུར་སྐུལ་སློང་བྱེད་དགོས། གལ་ཏེ་འདེམས་སྒྲུག་ཟིན་པའི་ཁྱིམ་ཚང་སུ་ཞིག་ནས་འཁྲབ་སྟོན་ནང་མཉམ་ཞུགས་བྱེད་འདོད་མེད་པའམ་གཞོགས་འདེགས་བྱེད་འདོད་མེད་པའི་རྣམ་འགྱུར་བསྟན་ཚེ་དེ་དག་ལ་རྒྱུན་གཏན་ཨུ་ཡོན་ལྷན་ཁང་ནས་མཐུན་འགྱུར་དགོས་ངེས་རིགས་བཀག་འགོག་བྱ་རྒྱུ་དང་།  ངོ་བོ་རྩད་གཅོད་ཀྱིས་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པའི་ནང་ཁུལ་བརྡ་ཐོ་བཏང་ཡོད་པ་ལྟར།  ལས་བྱེད་གཞོན་སྐྱེས་ཁག་དང་འདེམས་སྒྲུག་ཟིན་པའི་མང་ཚོགས་ཀྱི་ཞབས་གཞས་རིགས་ཆེད་སྦྱོང་གིས་ལྷ་སའི་ནང་ལོ་གསར་སྲུང་བརྩི་བྱེད་ཀྱི་ཡོད་པའི་རྣམ་པ་མཚོན་ཐབས་བྱ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎