བོད་ཀྱི་ཞིང་འབྲོག་ས་ཁུལ་ནང་སློབ་སྦྱོང་མཐུན་རྐྱེན་གྱི་དཀའ་ངལ།

བོད་ཀྱི་ཞིང་འབྲོག་ས་ཁུལ་ནང་སློབ་སྦྱོང་གི་མཐུན་རྐྱེན་ཐོག་དཀའ་ངལ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་འདུག

2009.08.17

༄༅༎རྒྱ་ནག་གིས་བོད་མིའི་ཆེད་དུ་བོད་ཀྱི་ས་ཁུལ་ནང་མཐུན་རྐྱེན་གཞི་རྒྱ་ཆེན་པོ་ཕུལ་གྱི་ཡོད་པའི་གནས་ཚུལ་དྲིལ་བསྒྲགས་བྱེད་བཞིན་པ་ཡིན་རུང་བོད་ཀྱི་ཞིང་འབྲོག་ས་ཁུལ་ནང་སློབ་སྦྱོང་གི་མཐུན་རྐྱེན་ཐོག་དཀའ་ངལ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་འདུག

དེ་ཡང་བོད་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་ངོ་སྤྲོད་གནང་དོན་ལྟར་ན་བོད་ཀྱི་ཞིང་འབྲོག་ས་ཁུལ་ནང་སློབ་ཆུང་རེ་ཙམ་ལས་མེད་པ་དང་སློབ་ཆུང་དེའི་ནང་དགེ་རྒན་ཡང་ཚད་དང་ལྡན་པ་མེད་པ་དང་སློབ་གྲྭའི་འགོ་འདིན་བ་མང་པོ་རྒྱ་རིགས་ཡིན་པ་དང་སློབ་གྲྭའི་སློབ་གཞིའི་ནང་སྐད་ཡིག་གཙོ་བོ་རྒྱ་ཡིག་སློབ་འཁྲིད་བྱེད་དགོས་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་རེད་འདུག དེར་བརྟེན་བོད་ཀྱི་ཞིང་འབྲོག་ས་ཁུལ་ནས་བོད་རིགས་སློབ་ཕྲུག་མང་པོ་ལྷ་ས་སོགས་གྲོང་ཁྱེར་ནང་སློབ་གསོ་ཚད་ལྡན་ཐོན་པའི་ཆེད་དུ་གཏོང་དུས་དམིགས་བསལ་གྱི་འགྲོ་སོང་སོགས་ཀྱི་ཐད་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་འདུག

དེ་ཡང་བོད་ནང་བོད་མི་ཞིག་གིས་ངོ་སྤྲོད་གནང་དོན་ལ་བོད་ཀྱི་ཞིང་འབྲོག་ས་ཁུལ་ནས་གྲོང་ཁྱེར་ཁག་ཏུ་སློབ་གྲྭར་ཡོང་མཁན་རྣམས་ལ་སློབ་ཡོན་ལས་གཞན་དམིགས་བསལ་གྱི་རོགས་རམ་མེད་ཅིང་སློབ་ཕྲུག་གི་སྒྲིག་ཆས་དེབ་ཆས་སོགས་དགོས་མཁོ་མང་པོ་ཕ་མ་རང་ཉིད་ཀྱི་འགྲོ་སོང་གཏོང་དགོས་དུས་ཆ་བསྙོམས་བྱས་པ་ཡིན་ན་ཕ་མ་སོ་སོས་སློབ་ཟླ་རེར་རྒྱ་སྒོར་དྲུག་བརྒྱ་ནས་བརྒྱད་བརྒྱ་འཕར་མ་འགྲོ་སོང་གཏོང་དགོས་ཀྱི་ཡོད་པ་རེད་འདུག འོན་ཀྱང་རྒྱ་ནག་གི་དྲིལ་བསྒྲགས་ནང་བོད་རིགས་སློབ་ཕྲུག་རྣམས་དང་མཐའ་ན་མཐོ་སློབ་ཐོན་ནས་ལས་མེད་རྣམས་ལ་ཡང་རྒྱ་ནག་གི་དངུལ་ཁང་གིས་དམིགས་བསལ་གྱི་མ་དངུལ་བུ་ལོན་དུ་གཏོང་གི་ཡོད་པ་སོགས་དྲིལ་བསྒྲགས་བྱེད་བཞིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎