གསེར་རྟ་རྫོང་ལོ་གསར་ཉིན་རྒྱ་གཞུང་ལ་ངོ་རྒོལ་སྤེལ་བ།

གསེར་རྟ་རྫོང་སྙི་ཅུ་ཁུལ་དུ་བོད་མི་དྲུག་བཅུ་ལྷག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2012.02.23

༄༅༎བོད་ཀྱི་ལོ་སར་ཚེས་གཅིག་ཉིན་བོད་ཤར་ཕྱོགས་གསེར་རྟ་རྫོང་སྙི་ཅུ་ཁུལ་དུ་བོད་མི་དྲུག་བཅུ་ལྷག་ཙམ་གྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག
ཆུ་འབྲུག་ལོའི་ལོ་གསར་ཚེས་གཅིག་ཉིན་གྱི་བོད་ནང་ཆུ་ཚོད་དྲུག་པའི་ཐོག་སེ་ར་དགོན་པའི་སྤྲུལ་སྐུ་བསྟན་རྒྱམ་སོགས་བོད་མི་དྲུག་གིས་གསེར་རྟ་རྫོང་སྙི་ཅུ་ཁུལ་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དེ་རྗེས་མགོ་མཆོག་སྡེ་བ་དང་། ཚེ་ཤུལ་སྡེ་བ་རྟ་ཤུལ་སྡེ་བ་སོགས་ཀྱི་བོད་མི་སྐྱ་སེར་དྲུག་བཅུ་བརྒལ་བ་རིམ་པའི་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་ལུགས་བོད་ཀྱི་དུས་བབས་ཀྱིས་གནས་ཚུལ་སྤེལ་འདུག  བཞུགས་སྒར་རྡ་རམ་ས་ལའི་ནོར་གླིང་དུ་གནས་སྡོད་གསེར་རྟ་བསྟན་འཛིན་ལགས་ཀྱིས་ཁ་པར་བརྒྱུད་དུས་བབ་ལ་གནས་ཚུལ་བརྗོད་པ་ལྟར་ན།  ཞི་བའི་ངོ་རྒོལ་སྐབས་བོད་མི་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བ་དང་། འཕྲེད་དར་ཆེན་པོ་ཞིག་གི་སྟེང་དུ་སྔ་ལོ་རང་ལུས་མེ་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཚན་དང་། ཁོང་རྣམ་པའི་ཆེད་དུ་ད་ལོ་ལོ་སར་གཏོང་གི་མིན་ལ། ད་ལྟའི་ལས་འགུལ་འདི་ཡང་ཞི་བའི་ངོ་རྒོལ་གྱི་རང་ཡིན་པ་སོགས་བྲིས་ཡོད་འདུག  བོད་མི་དེ་དག་ཁེས་སྐོར་ཞང་གི་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས་༸གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་འདོན་པའི་རྗེས།ཁྲོམ་གཞུང་དུ་ཞི་བའི་གོམ་བགྲོད་བྱས་ཡོད་པ་རེད། སྐབས་དེར་རྒྱ་གཞུང་གིས་སྡེ་བ་སོ་སོའི་གཞི་རིམ་མགོ་ཁྲིད་ལ་བཀའ་རྒྱ་བཏང་སྟེ་ གནས་ཚུལ་དེ་ཞི་འཇགས་སུ་གཏོང་ཐབས་བྱས་ཡོད་འདུག ས་གནས་རྒྱ་གཞུང་གིས་ལས་འགུལ་སྤེལ་མཁན་ཚོར་པར་ལེན་བྱས་པ་ཙམ་ལས་འཇུ་བཟུང་བཙན་འཁྲིད་རིགས་བྱས་པའི་གནས་ཚུལ་གསལ་རྟོགས་མེད་པ་རེད། འོན་ཀྱང་གསེར་རྟ་ས་ཁུལ་དུ་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཡོངས་སུ་བཀག་འགོག་བྱས་ཡོད་པ་མ་ཟད། ཟ་ཁང་དང་ཚོང་ཁང་སོགས་ཀྱང་སྒོ་རྒྱག་ཏུ་བཅུགས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎