བོད་ཁམས་ཡུལ་ཤུལ་ཁུལ་དུ་བོད་མིས་ངོ་རྒོལ་ལས་འགུལ།

ཕྱི་ཚེས་༡ཉིན་བོད་ཀྱི་ཁམས་ཡུལ་ཤུལ་གྲོང་ཁྱེར་ནང་བོད་མི་སྟོང་ཕྲག་འགའ་ཤས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

2011.04.04

༄༅༎ཕྱི་ཚེས་༡ཉིན་བོད་ཀྱི་ཁམས་ཡུལ་ཤུལ་གྲོང་ཁྱེར་ནང་བོད་མི་སྟོང་ཕྲག་འགའ་ཤས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད་           དེ་ཡང་བོད་གནས་དྲ་གནས་ཞེས་པའི་དྲ་གནས་ནང་གནས་ཚུལ་སྤེལ་གསལ་ལ་གཞིགས་ན་བོད་ཀྱི་ཁམས་ཡུལ་ཤུལ་གྲོང་ཁྱེར་ནང་ཁ་ཉིན་རེས་གཟའ་པ་སངས་ཉིན་བོད་མི་ཉིས་སྟོང་བརྒལ་བས་རང་གི་ས་ཆ་རང་ལ་བདག་དབང་དགོས་ཞེས་སོགས་བྲིས་པའི་འབོད་ཚིག་ཕྲེད་དར་འཁྱེར་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་

ས་ཁུལ་དུ་བོད་མིའི་ངོ་རྒོལ་གྱི་ལས་འགུལ་དེ་ཕྱི་ཚེས་༡ནས་ཕྱི་ཚེས་༣བར་ཉིན་གསུམ་རིང་སྤེལ་ཡོད་ཅིང་ངོ་རྒོལ་གནང་དགོས་པའི་རྒྱུ་མཚན་ནི་སྔ་ལོ་ཕྱི་ཟླ་༤པའི་ཚེས་༡༤ཉིན་ས་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཤུགས་ཆེ་བྱུང་བའི་རྗེས་རྒྱ་གཞུང་གིས་གྲོང་ཁྱེར་བསྐྱར་གསོའི་ལས་དོན་དང་མི་མང་གི་སྡོད་ཁང་གསར་རྒྱག་གི་ལས་འཆར་དེར་སའི་བདག་དབང་དང་བགོས་འགྲེམས་ཐད་དྲང་བདེན་རྩ་བ་ནས་བྱེད་ཀྱི་མེད་པའི་བསམ་ཚུལ་ཤུགས་ཆེ་ཡོད་པ་མ་ཟད་གྲོང་ཁྱེར་གྱི་ས་ལེགས་པ་ཁག་རྒྱ་གཞུང་གིས་བདག་བཟུང་བྱས་པར་བློ་ཁ་མ་ཁེངས་པའི་བསམ་ཚུལ་ཤུགས་ཆེ་ཡོད་པ་རེད་ ཡུལ་ཤུལ་གྲོང་ཁྱེར་དུ་ཕྱི་ཚེས་༡ཉིན་ངོ་རྒོལ་བྱུང་བའི་རྗེས་རྒྱ་གཞུང་གིས་ས་གནས་སུ་ཉེན་རྟོག་མི་སྣ་དང་སྤྱི་བདེ་མི་སྣ་འགྲེམས་འཇོག་བྱས་ནས་ངོ་རྒོལ་དེར་དྲག་གནོན་བྱས་ཡོད་པ་མ་ཟད་ཁུལ་དེར་འགྲུལ་བསྐྱོད་ཀྱི་དམ་བསྒྲགས་ཡང་བྱས་ཡོད་པ་རེད་           ཞི་བའི་ངོ་རྒོལ་ནང་ཞུགས་མཁན་བོད་མི་ཁག་ཅིག་དྲན་པ་འཐོར་བ་དང་འགའ་ཤས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་རེད་        ཞི་བའི་ངོ་རྒོལ་དེ་སྣེ་འཁྲིད་མཁན་ཡིན་པའི་དོགས་གཞིའི་འོག་བོད་མིའི་ཚོང་པ་ཀརྨ་ཟེར་བ་ཞིག་དང་བཙུན་མ་ཞིག་བཀག་ཉར་བྱས་ཡོད་པ་རེད་ དེ་མ་ཟད་རྒྱ་གཞུང་གི་ཉེན་རྟོག་མི་སྣས་རྒྱུན་ལྡན་གཡོ་བྱུས་ཀྱིས་བོད་མིའི་ཐོག་དྲག་གནོན་བྱས་པའི་དཔང་རྟགས་མེད་པ་བཟོ་ཆེད་ཁྲག་ཤུལ་ཁག་གཙང་བཟོ་བྱས་ཡོད་པ་རེད་    ད་ལྟའི་འཆར་གོང་ཞུས་ཀྱི་ཞི་བའི་ངོ་རྒོལ་ནང་ཞུགས་མཁན་བོད་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཁ་གསལ་མེད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎