སྐྱེ་རྒུ་མདོར་ས་གནས་ཀྱི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ།
2011.04.03
༄༅༎དེ་རིང་བོད་ཀྱི་མདོ་ཁམས་སྐྱེ་རྒུ་མདོར་ས་གནས་ཀྱི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་ཟིང་ཆ་ཧ་ཅང་ཆེན་པོ་ལངས་ཡོད་པ་རེད་ བཞུགས་སྒར་རྡ་རམ་ས་ལ་ནས་འདི་ག་རླུང་འཕྲིན་ཁང་དུ་དྲ་རྒྱའི་བརྒྱུད་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན་ འདས་པའི་ལོ་གཅིག་གོང་ལ་ས་ཡོམ་གྱི་འབྱུང་བའི་གོད་ཆགས་འོག་ཆག་སྒོ་ཚབས་ཆེ་ཕོག་པའི་མདོ་ཁམས་སྐྱེ་རྒུ་མདོའི་གྲོང་ཁྱེར་དེ་བཞིན་གསར་རྒྱག་བྱེད་རྒྱུའི་ཐད་རྒྱ་ནག་གཞུང་གིས་འཆར་གཞི་གཏིང་ཡོད་པ་རེད་ འོན་ཀྱང་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་གྲོང་ཁྱེར་གསར་རྒྱག་བྱ་རྒྱུའི་བཟོ་བཀོད་སྒྲོམ་གཞི་གཅིག་གྱུར་ཐོག་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་དེ་ལ་ དེ་སྔོན་ས་ཁང་བདག་པོ་ཚོས་རང་ས་རང་བདག་དགོས་པའི་
ངོ་རྒོལ་སྐད་འབོད་བྱས་པར་ རྒྱ་ནག་གི་དམག་མི་མང་པོ་ཡོང་ནས་མི་མང་པོ་འཛིན་བཟུང་བྱས་པ་དང༌ འགའ་ཞིག་རི་ལ་བྲོས་དགོས་པ་བྱུང་སོང་ཞེས་དང་ ད་ལྟའི་འཆར་གནས་སྟངས་ཧ་ཅང་གི་ཛ་དྲག་ངང་གནས་ཡོད་པ་རེད་ཅེས་རྡ་རམ་ས་ལ་ནས་ཡིན་པའི་གནས་ཚུལ་གཏོང་མཁན་གྱིས་སྙིང་བསྡུས་སུ་བརྗོད་འདུག།