གསེར་རྟ་རྫོང་ཐོག་ཏུ་བོད་རང་བཙན་གྱི་སྐད་འབོད་བྱས་པ།

བོད་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ་བོད་རང་བཙན་གྱི་སྐད་འབོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

2012.01.16

༄༅༎བོད་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ་བོད་རང་བཙན་གྱི་སྐད་འབོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
བོད་མི་མང་སྤྱི་འཐུས་ཟུར་པ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་༡༦་ཉིན་གྱི་ཉིན་གུང་ གསེར་རྟ་རྫོང་ཐོག་ཏུ་གྲྭ་པ་གཉིས་ནས་རླུང་རྟ་གཏོར་བཞིན་བོད་རང་བཙན་གྱི་སྐད་འབོད་བྱས་པར་བརྟེན། ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུག་དྲག་པོ་བཏང་སྟབས། མི་མང་རྣམས་མ་བཟོད་པར་ཁོང་ཁྲོ་ལངས་ནས་ཉེན་རྟོག་པ་དང་འཐབ་ནས་གྲྭ་པ་གཉིས་པོ་ཚུར་འཕྲོག་པ་དང་ དེ་ནས་བོད་རང་དབང་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་སོགས་ཀྱི་སྐད་འབོད་བྱས་ཡོད་འདུག
འོན་ཀྱང་གྲྭ་པ་དེ་གཉིས་ཀྱི་མིང་དང་ལོ་རྒྱུས་སོགས་ཞིབ་ཕྲ་ཤེས་རྟོག་མ་བྱུང་ཞེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎