རྒྱ་ནག་གིས་ཕོ་བྲང་པོ་ཏ་ལའི་ནང་རྟེན་དབོར་འདྲེན་བྱས་པ།

རྒྱ་གཞུང་གིས་ཕོ་བྲང་པོ་ཏ་ལའི་ནང་དུ་ཡོད་པའི་རིང་ཐང་བྲལ་བའི་སྐུ་གསུང་ཐུཊ་རྟེན་རྣམས་རྒྱ་ནག་ཏུ་དབོར་འདྲེན་བྱེད་པ’འི་གནས་ཚུལ།

2010.03.22

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ཕོ་བྲང་པོ་ཏ་ལའི་ནང་དུ་ཡོད་པའི་རིང་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་གྱི་ནང་རྫས་རྒྱ་ནག་ཏུ་དབོར་འདྲེན་བྱེད་ཀྱི་ཡོད་པ་བོད་རིགས་རྣམས་ལ་དོགས་པ་དང་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

དེ་ཡང་བོད་ནས་བོད་རིགས་ཤིག་གིས་ང་ཚོ་རླུང་འཕྲིན་ཁང་གི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་གསུངས་དོན་ལ།རྒྱ་ནག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཕོ་བྲང་པོ་ཏ་ལའི་ནང་དུ་ཆོས་མཇལ་གཏོང་ཕྱོགས་ཐད་རྒྱ་ནག་གིས་དམ་བསྒྲགས་བྱེད་ཀྱི་ཡོད་པ་དང་།ལྷ་ཁང་མང་པོའི་ནང་ཆོས་མཇལ་གཏོང་གི་མེད་པ་དང་ཆོས་མཇལ་གཏོང་བཞིན་པའི་ལྷ་ཁང་དེ་ཚོའི་ནང་དུ་ཡང་རྒྱ་རིགས་ཉེན་རྟོག་དམག་མི་བཞག་ནས་བལྟ་སྲུང་དམ་བསྒྲགས་ཀྱི་རྣམ་པ་གསལ་པོ་ཡོད་པ་འགྲེལ་བརྗོད་གནང་འདུག

ཡང་ཁོང་གིས་མུ་མཐུད་ནས་གསུངས་དོན་ལ།ཕོ་བྲང་པོ་ཏ་ལའི་ནང་རྒྱ་ནག་གིས་ལྷ་ཁང་དང་ཆོས་ཁང་མང་པོའི་ནང་བཟོ་བཅོས་དང་ཉམས་གསོ་བྱེད་བཞིན་པའི་འགྲེལ་བརྗོད་བྱས་ནས་ཆོས་མཇལ་གཏོང་གི་མེད་པ་དང་འབྲེལ་ཡོད་བོད་མི་ཁ་ཤས་ཀྱིས་ཕོ་བྲང་པོ་ཏ་ལའི་སྐུ་གསུང་ཐུགས་རྟེན་དང་།རྩ་ཆེའི་གསེར་དངུལ་དང་།ཆོས་ཆས་བུམ་པ་དང་མུ་ཏིག་སོགས་རིན་རང་བྲལ་བའི་དངོས་རྗས་དབོར་འདྲེན་བྱས་པ་དངོས་སུ་མཐོང་མཁན་བྱུང་ཡོད་པའི་འགྲེལ་བརྗོད་གནང་འདུག

རྒྱ་ནག་གིས་གཞུང་འབྲེལ་ཐོག་ནས་བོད་ཀྱི་ཕོ་བྲང་པོ་ཏ་ལ་ནི་ལོ་ངོ་སྟོང་ཕྲག་གོང་ནས་བཟོས་པའི་ཕོ་བྲང་ཡིན་དུས་ཉམས་ཆགས་བྱུང་བ་ཁག་བཟོ་བཅོས་དང་ཉམས་གསོའི་ཆེད་རྒྱ་མིའི་སྒོར་མོ་ས་ཡ་མང་པོ་གཏོང་གི་ཡོད་པའི་དྲིལ་བསྒྲགས་ལན་མང་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎