ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་དོན་གླེང་དགོས་པའི་འབོད་སྐུལ།
2010.05.23
༄༅༎ བོད་རང་བཙན་སློབ་ཕྲུག་ཚོགས་པས་ ཨ་རིའི་ཕྱི་སྲིད་ དྲུང་ཆེ་རྒྱ་ནག་ཕེབས་སྐབས་བོད་དོན་སྐོར་གླེང་སློང་གནང་དགོས་པའི་འབོད་བསྐུལ་ཞུས་གནང་འདུག༎
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལེ་རི་ཁིལིན་ཊོན་མཆོག་རྒྱ་ནང་ནང་ཨ་རི་དང་ཨ་རིའི་འབྲེལ་ལམ་སྐོར་བཀའ་བསྡུར་གནང་སྐབས་བོད་ཀྱི་རྩ་དོན་སྐོར་གལ་ཆེ་དོན་ཆེར་ངོས་འཛིན་གྱིས་གླེང་སློང་གནང་དགོས་པ་དང་ ཧྲང་ཧའི་ནང་རྒྱ་ནག་གི་ཚོང་དོན་གྱི་འགྲེམས་སྟོན་ལའང་མ་ཕེབས་ན་ལེགས་པའི་དགོངས་ཚུལ་བཏོནན་ཡོད་འདུག ཨ་རིའི་གྲོང་ཁྱེར་ཆེན་མོ་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ ཕྱི་སྲིད་དྲུང་ཆེ་ཁིལིནཊོན་མཆོག་གིས་རྒྱ་ནང་ཨ་རིའི་འབྲེལ་ལམ་སྐོར་བཀའ་བསྡུར་གནང་སྐབས་བོད་ཀྱི་རྩ་དོན་སེལ་ཐབས་སྐོར་རྒྱ་ནག་གི་དབུ་ཁྲི་དང་གླེང་སློང་གནང་དགོས་པའི་འབོད་བསྐུལ་གནང་བ་དང་སྦྲགས། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་གྱི་ཚོད་འཛིན་བྱེད་ཡུལ་གཙོ་བོ་གཅིག་འགྲོ་བ་མིའི་ཐོབ་ཐང་སྐོར་ཡིན་པས་ད་ཆ་ཨ་རིའི་གཞུང་གིས་ཞལ་ཙམ་མ་ཡིན་པར་འགྲུབ་འབྲས་སོན་པའི་ཕྱག་ལས་ཤིག་གནང་དགོས་ལུགས་གསུངས་གནང་འདུག ཡང་ཁོང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ཧྲང་ཧའི་ནང་ཚོགས་བཞིན་པའི་ཚོང་དོན་གྱི་འགྲེམས་སྟོན་ནང་རྒྱ་ནག་གཞུང་གིས་བོད་ཀྱི་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་བྱས་ཡོད་པ་དེར་མ་ཕེབས་རོགས་ཅེས་སྐུལ་མ་ཡང་གནང་འདུག་ འབོད་སྐུལ་དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་གཞན་རྣམས་ལ་སྤྱི་མཚུངས་ཞུས་གནང་འདུག་ གོང་ཞུས་ཚོགས་པའི་རྒྱུན་ལས་ ཀེཊེ་ ནོཛེ་ནའོ་(Kate Woznow)ཡིས་རྒྱ་ནག་གཞུང་གིས་བོད་ནང་གཏམ་བརྗོད་དང་གསར་འགོད་གསར་རང་དབང་སོགས་ཕྱོགས་གང་ནས་དམ་བསྒྲགས་དང་དྲག་གནོན་ཇེ་ཆེ་བྱེད་བཞིནཔའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་གོང་ཞུས་བོད་ཀྱི་བཅོས་མའི་འགྲེམས་སྟོན་ལང་ཕེབས་ན་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་ཆོད་སེམས་བརྟན་པོ་མེད་པར་ངོས་འཛིན་བྱེད་སྲིད་པས་དེ་ལུགས་དགོངས་བཞེས་གནང་རོགས་ཅེས་གསུངས་གནང་འདུག༎