བོད་ནང་ལྟ་བསྐོར་ཡོང་ན་གནས་ཚུལ་གསལ་རྟོགས་ཡོང་སྐོར།

ཡུ་རོབ་ཡུལ་ཁག་གི་བོད་དོན་ཉམས་ཞིབ་པ་ཚོས་བོད་ནང་ཕེབས་ཚེ་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དང་གནས་ཚུལ་གསལ་རྟོགས་ཆེ།

2010.04.01

༄༅༎ཡུ་རོབ་ཡུལ་ཁག་གི་བོད་དོན་ཉམས་ཞིབ་པ་ཚོས་བོད་ནང་ལྟ་སྐོར་རུ་ཕེབས་ཚེ་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དང་གནས་ཚུལ་གསལ་རྟོགས་ཆེ་བ་ཡོང་རྒྱུ་ཡིན་སྐོར་སུས་སིར་རྒྱ་ནག་ནས་མངགས་གཏོང་བྱས་པའི་བོད་རིག་པའི་ཞིབ་འཇུག་སྐུ་ཚབ་ཚོགས་པའི་འགོ་འཁྲིད་  བསྟན་འཛིན་ལྷུན་གྲུབ་ཞུ་བ་ཞིག་ནས་ནན་སྐུལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎

དེ་ཡང་བསྟན་འཛིན་ལྷུན་གྲུབ་ལགས་ཞུ་བས་སྣེ་འཁྲིད་འོག་རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་སྐུ་ཚབ་ཚོགས་པ་ཞིག་ཉེ་ཆར་ཡུ་རོབ་ཡུལ་ཁག་ཇར་མན་དང་སུད་སི་གཉིས་ནང་གཞུང་དོན་སྐོར་བསྐྱོད་དུ་འབྱོར་ཡོད་པ་རེད་ ཁ་ས་སུད་སའི་རྒྱལ་ས་སྦན་རུ་རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་སྐུ་ཚབ་ཚོགས་པས་འདུ་འཛོམས་ཤིག་གི་སར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཁོང་གིས་སྣེ་འཁྲིད་བྱས་པའི་གཟིགས་སྐོར་སྐུ་ཚབ་ཚོགས་པས་ཇར་མན་དང་སུད་སི་གཉིས་ནང་སྐོར་བསྐྱོད་གནང་སྐབས་ཁུལ་དེ་གཉིས་ཀྱི་མི་མང་དཀྱུས་མ་ཚོས་བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་དང་བོད་ནང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐད་ནས་ཧ་ཅང་གི་ཡར་རྒྱས་ཆེན་པོ་སོང་ཡོད་པར་ཡང་ངོས་ལེན་ཞུ་གི་འདུག་ཅེས་ཚོར་སྣང་འགྲེལ་བརྗོད་བྱས་པ་དང་ལྷག་པར་དུ་འཇར་མ་ནི་ནང་ཞིབ་འཇུག་དང་ཉམས་ཞིབ་པ་ཚོས་བོད་ཀྱི་ནང་ཆོས་དང་བོད་ཀྱི་ལེགས་སྦྱར་གྱི་སྐད་ཡིག་ཐོག་གྲུབ་འབྲས་ལྡན་པའི་ཉམས་ཞིབ་ཀྱི་སྦྱང་བརྩོན་བྱས་ཡོད་ལུགས་བསྔགས་བརྗོད་ཞུས་འདུག ཡང་ཆབས་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་བརྗོད་དོན་དུ་ཡུ་རོབ་ཀྱི་བོད་དོན་ཉམས་ཞིབ་པ་ཚོས་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་ཀྱི་གནས་སྟངས་ཐད་  གོ་ནོར་ཕྲན་བུ་ཐེབས་ཀྱི་ཡོད་པ་དང་དམིགས་ཀར་ཇར་མ་ནི་ནང་གི་བོད་གནས་ཉམས་ཞིབ་པ་ཚོས་བོད་ཀྱི་ལོ་རྒྱུས་ལུང་འདྲེན་བྱེད་པའི་སྐབས་དུས་ལས་འདས་པའི་ཐ་སྙད་དང་མིང་ཚིག་བེད་སྤྱོད་བྱེད་པ་དང་ཡང་ད་ལྟའི་བོད་ནང་སྤྱི་ཚོགས་དང་དཔལ་འབྱོར་གྱི་འགྱུར་གྲོས་སྐོར་ཞིབ་འཇུག་གཏིང་ཟབ་མ་བྱས་པའི་རྐྱེན་གྱིས་གོ་དོན་གཏིང་ཟབ་མེད་ལུགས་སྐོར་ནན་བརྗོད་བྱས་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎