བོད་ས་ཡོངས་ལ་དམ་བསྒྲགས་སྲིད་ཇུས་མུ་མཐུད་གནས་པ།

བོད་ས་ཡོངས་ནང་རྒྱ་ནག་གཞུང་གིས་དུས་ཚེས་ངེས་མེད་བར་དམ་བསྒྲགས་ཀྱི་སྲིད་ཇུས་མུ་མཐུད་གནས་རྒྱུ་ཡིན་པ་རེད།

2009.05.14

༄༅༎བོད་ས་ཡོངས་ནང་རྒྱ་ནག་གཞུང་གིས་དུས་ཚེས་ངེས་མེད་བར་དམ་བསྒྲགས་ཀྱི་སྲིད་ཇུས་མུ་མཐུད་གནས་རྒྱུ་ཡིན་པ་རེད།

དེ་ཡང་ཕྱི་ཚེས་བཅུ་བཞི་ཉིན་འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན་སྔ་ལོ་བོད་ས་ཡོངས་ལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཁྱབས་སྤེལ་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་དྲག་གནོན་དང་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ལ་ཞི་རྒོལ་གྱི་གནས་ཚུལ་བྱུང་ནས་ལོ་གཅིག་ལྷག་ཙམ་འགྲོ་ཡི་ཡོད་རུང་ད་ལྟའང་བོད་མི་ཚོར་བོད་ནང་ཕར་འགྲོ་ཚུར་འོང་གི་དཀའ་ངལ་ཆེན་པོ་བཟོ་བཞིན་པ་མ་ཟད་དོ་དམ་སྲུང་བྱ་སྐབས་བོད་མི་རྒྱ་སྐདད་མ་ཤེས་མཁན་ཚོས་རྒྱ་མིའི་དམག་མི་དང་གོ་བརྡ་མ་འཕྲོད་པའི་དབང་གིས་ཉེས་རྡུང་ཆེན་པོ་ཕོག་པ་དང་བཙོན་འཇུག་བྱེད་པ་སོགས་གང་ལྟར་བོད་མིའི་ཐོག་རང་སྣང་གང་དྲན་དང་ཁྲིམས་མེད་ལུང་མེད་ཀྱི་གདུག་རྩུབ་བྱེད་བཞིན་ཡོད་སྐོར་མིང་འདོན་གནང་འདོད་མེད་པའི་མི་སྣ་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་ཞིང་གོང་གསལ་གནས་ཚུལ་འབྱུང་ཁུངས་ཀྱིས་གསུངས་ན་རྒྱ་ནག་གཞུང་གི་དམག་མི་གཙོས་པའི་ལས་བྱེད་པ་རྣམས་ནས་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་སྲུང་བྱ་དམ་པོའི་ལྟ་སྲུང་བྱེད་པ་དང་ཆབས་ཅིག་སློབ་གསོའི་ལས་འགུལ་རྒྱ་ཆེ་སྤེལ་གྱི་ཡོད་པ་རེད། ཉེ་ལམ་རྒྱ་ནག་གཞུང་གིས་སྔ་ལོ་བོད་མིའི་ཞི་རྒོལ་གྱི་ལས་འགུལ་ནང་ཐེ་གཏོགས་ཡོད་ལུགས་ཀྱི་འཛིན་བཟུང་བྱས་པའི་བོད་མི་ཁག་ལ་རིམ་པས་ཁྲིམས་བཤེར་བྱེད་འགོ་ཚུགས་སྟེ་སྲོག་ཐོག་གི་ཉེས་ཆད་འགེལ་བ་དང་ཡང་རེ་བཟུང་གློད་བཀྲོལ་བཏང་བའི་གནས་ཚུལ་ཡོད་ནའང་གཞི་རྩའི་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་དམ་བསྒྲགས་ཀྱི་སྲིད་ཇུས་དེ་མུར་གནས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎