རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དམ་བསྒྲགས་བྱེད་པ།

མདོ་སྟོད་སྨར་ཁམས་འོད་ཟེར་དགོན་པའི་དགེ་འདུན་པ་ཚོར་རྒྱ་ནག་གཞུང་གི་ཉེན་རྟོག་པས་དྲི་རྩད་བྱས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

2008.11.21

༄༅༎ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ཞི་བའི་ངོ་རྒོལ་བྱུང་བའི་རྗེས་དེང་སྐབས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁང་ཁག་གིས་བོད་ཀྱི་ས་ཁུལ་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་ཁར་ལྷག་པར་དུ་དགོན་སྡེ་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡིན་པ་ལྟར་མདོ་སྟོད་སྨར་ཁམས་འོད་ཟེར་དགོན་པའི་དགེ་འདུན་པ་ཚོར་རྒྱ་ནག་གཞུང་གི་ཉེན་རྟོག་པས་དོན་ཚན་བཞིའི་ཐོག་དྲི་རྩད་བྱས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་མིང་འབོད་གནང་འདོད་མེད་པའི་ས་གནས་མི་སྣ་ཞིག་གིས་གནས་ཚུལ་གནང་དོན་ལྟར་ན་འོད་ཟེར་དགོན་པའི་དགེ་འདུན་རྒན་གྲས་ཚོ་ལ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པའི་དཔོན་རིགས་ཀྱིས་དགེ་འདུན་པ་ཚོས་ཕྱི་ཕྱོགས་སུ་ས་གནས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱས་པ་དང་དེ་བཞིན་དགེ་འདུན་པ་ཚོ་དང་སྨར་ཁམས་ནང་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་བཞི་ཉིན་བྱུང་བའི་འབར་རྫས་ཀྱི་དོན་རྐྱེན་ཁག་དང་འབྲེལ་བ་ཡོད་ཚུལ་དང་དེ་མིན་ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་བྱེད་པའི་སྐབས་རྒྱ་ནག་ཉེན་རྟོག་པས་བོད་མི་ཚོའི་ཐོག་དྲག་གནོན་བྱས་ནས་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་ཚོའི་ཆེད་ཆོས་ཕྱོགས་ཀྱི་ཞབས་རིམ་ཁག་གྲུབ་ཡོད་པ་ཉེས་བཙུགས་བྱས་ནས་དགེ་འདུན་པ་ཚོར་དྲི་རྩད་བྱས་ནས་འོད་ཟེར་དགོན་པར་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་དང་ད་དུང་གནས་ཚུལ་ངོ་སྤྲོད་གནང་མཁན་དེས་གསུང་བར་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣ་ཚོ་ཉིན་ལྟར་འོད་ཟེར་དགོན་པའི་ནང་ལ་ཡོང་ནས་དགེ་འདུན་པ་རྒན་གྲས་ཚོར་དྲི་རྩད་བྱེད་བཞིན་པ་མ་ཟད་དགེ་འདུན་པ་ཁག་ཅིག་ཆབ་མདོ་དང་ཁག་ཅིག་ལྷ་སར་ཁྲིད་འགྲོ་གི་ཡོད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎