རྒྱ་ནག་གཞུང་གིས་ཆབ་མདོ་ཀརྨ་དགོན་པའི་ནང་དམ་བསྒྲགས།

ཀརྨ་དགོན་པའི་དགེ་འདུན་པ་མང་པོ་ཞིག་རྒྱ་ནག་གཞུང་གི་གནོན་ཤུགས་འོག་དགོན་པའི་ནང་སྡོད་མ་ཐུབ་པར་ས་ཕྱོགས་གཞན་དུ་འགྲོ་བ།

2012.05.05

༄༅༎ཁ་ས་གནས་ཚུལ་རྒྱུས་ཡོད་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་དོན་ལྟར་ན། དེང་སྐབས་ཆབ་མདོ་ཀརྨ་དགོན་པའི་དགེ་འདུན་པ་མང་པོ་ཞིག་རྒྱ་ནག་གཞུང་གི་གནོན་ཤུགས་འོག་དགོན་པའི་ནང་སྡོད་མ་ཐུབ་པར་ས་ཕྱོགས་གཞན་སོ་སོར་འགྲོ་དགོས་བྱུང་བཞིན་ཡོད་པ་དང་། དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་ནི་ རྒྱ་ནག་གཞུང་གིས་དགོན་པའི་ནང་ཁ་བྲལ་བར་ངོ་རྒོལ་བྱ་དགོས་པའི་བཙན་གནོན་གྱི་སློབ་གསོ་དང་གནོན་ཤུགས་ཆེན་པོའི་འོག་དགོན་པ་སྒོ་བརྒྱབ་རྒྱུའི་ཉེན་ཁའི་འོག་གནས་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་མཁན་བོད་མི་བཀྲིས་ལགས་ཀྱིས་གསུངས་འདུག དེ་བཞིན་ཁོང་གིས་གནས་ཚུལ་མུ་མཐུད་ནས་ངོ་སྤྲོད་གནང་བའི་ནང་།  དགོན་པའི་ནང་ཁ་བྲལ་ལ་ངོ་རྒོལ་གྱི་སློབ་གསོའི་ལས་འགུལ་ནང་བཞུགས་འདོད་མེད་པར་དགོན་པ་ནས་ཕྱིར་ཐོན་མཁན་གྱི་དགེ་འདུན་པ་རྣམས་ལ།  རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎