རྒྱ་ནག་ལ་ཚོང་འབྲེལ་དྲང་པོ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་གནང་བ།

ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀིལིན་ཀྲེན་གྱིས་ རྒྱ་ནག་གཞུང་གི་ཚོང་འབྲེལ་དྲང་པོ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་གནང་བ།

2008.05.03

༄༅༎ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ ཧི་ལ་རི་ཀིལིན་ཀྲེན་ གྱིས་རྒྱ་ནག་གཞུང་གི་ཚོང་འབྲེལ་དྲང་པོ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

དེ་ཡང་ཨ་རིའི་མངའ་སྡེ་ ནོ་ཐི་ཀེ་རོ་ལའེ་ན་ ནང་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས་

དེང་གི་ཨ་རིའི་དཔལ་འབྱོར་ཉམས་རྒྱུད་ཀྱི་གནས་སྟངས་བསྐྱར་གསོ་བྱ་རྒྱུ་དང་ ཨ་རིའི་འཚོ་རྟེན་ལས་ཀ་ཕྱི་རྒྱལ་ཡུལ་གྲུར་སྤོ་བཞུད་བྱེད་བཞིན་པ་མཚམས་འཇོག་གནང་རྒྱུ་

ཡིན་ལུགས་སོགས་གསུངས་པ་དང་ཆབས་ཅིག རྒྱ་ནག་གཞུང་དང་ཚོང་འབྲེལ་བྱེད་ཕྱོགས་ཐད་ཨ་རི་སྲིད་གཞུང་གིས་སྲིད་བྱུས་མཁྲེགས་པོ་བཟུང་

གལ་ཆེ་ལུགས་མང་ཚོགས་ལ་གཏམ་བཤད་གནང་ཡོད་པ་རེད་ དེ་སྔོན་རྒྱ་ནག་གཞུང་གིས་བོད་ནང་ཞི་བའི་གྱེན་ལངས་ལ་དྲག་གནོན་ཚབས་ཆེ་བྱས་དང་

བྱེད་མུས་དང་ ཌའར་ཕྷུར་ནང་མི་བསད་ཁྲག་སྦྱོར་མཚམས་འཇོག་ཡོང་ཐབས་ལ་

རྒྱ་ནག་གཞུང་གིས་མཐུན་འགྱུར་མི་བྱེད་པ་སོགས་ཀྱི་རྒྱུ་མཚན་བཀོད་དེ་ ཨ་རིའི་སྲིད་འཛིན་ཇོརྗེ་སྦུཤེ་མཆོག་གིས་རྒྱ་ནག་ཏུ་ཨོ་ལིམ་ཕིག་རྩེད་འགྲན་གྱི་དབུ་འབྱེད་

མཛད་སྒོར་ཕེབས་རྒྱུ་ཕྱིར་བཤོལ་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་ རྒྱ་ནག་གཞུང་གིས་ཨ་རི་མཉམ་དུ་ཚོང་འབྲེལ་བྱེད་འདོད་ཡོད་ན་ ཚོང་གི་སྒྲིག་འཛུགས་ལ་

སྲུང་བརྩི་ཞུ་དགོས་ཀྱི་རེད་ཅེས་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་

ཧི་ལ་རི་ཀིལིན་ཀྲེན་གྱིས་གསུངས་གནང་འདུག ཁོང་གི་སྐུ་ཟླ་སྦིལ་ཀིལིན་ཀྲེན་གྱི་སྲིད་འཛིན་

དུས་ཡུན་སྐབས་ རྒྱ་ནག་གཞུང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་སྤྲད་པར་བརྟེན་

འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་རྒྱ་ནག་གིས་ཨ་རིར་དངོས་ཟོག་ཤིན་ཏུ་འཕོན་ཆེ་

ཚོང་བསྒྱུར་ཐུབ་པའི་ཁེ་ཕན་བྱུང་ཡོད་པ་དང་ ད་ཆ་ལྕམ་ཧི་ལ་རི་ཀིལིན་ཀྲེན་གྱིས་རྒྱ་ནག་གཞུང་ལ་

དམ་པོ་དང་མཁྲེགས་བཟུང་གནང་གལ་ཆེ་ལུགས་གསུངས་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎