བོད་ནང་གི་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་གནང་བ།

ཕྱི་རྒྱལ་གསར་འགོད་པ་སཡི་མོན་ཨི་ལི་གེནྡ་ཞུ་བས་བོད་མདོ་སྨད་རབ་སྒང་དང་རྨ་ལྷོ་བོད་རིཌ་རང་སྐྱོང་ཁུལ་ནང་གི་གནས་ཚུལ་ངོ་སྤྲོད་གནང་བ།

2009.02.19

༄༅༎ཊ་ཡིམ་ས྄་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པ་སཡི་མོན་ཨི་ལི་གེནྚ་ཞུ་བས་ཉེས་དུས་བོད་མདོ་སྨད་རབ་སྒང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་ནང་ལྟ་སྐོར་ལ་ཕེབས་སྐབས་ཁོང་གིས་བཀའ་མོལ་གནང་སའི་བོད་མི་འབྲོག་པ་དང་ཚོང་པ་དེ་བཞིན་སློབ་ཕྲུག་དང་དགེ་འདུན་པ་སུ་ཞིག་ཡིན་རུང་ཚང་མས་སྐད་ཆ་བཤད་མ་ནུས་པའི་འཇིགས་སྣང་དང་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་གཟིགས་ཡོད་པ་རེད།

བོད་པའི་ཚོང་པ་གཅིག་གིས་རྒྱ་མིའི་ཉེན་རྟོག་པས་ག་ས་གར་གསང་བའི་པར་ཆས་བཙུགས་ཡོད་སྐོར་བརྗོད་དེ་དགོན་པའི་རྩིག་པའི་རྒྱབ་ཏུ་གསར་འགོད་པ་དེ་ཁྲིད་ནས་ད་ལོ་བོད་མི་ཚོས་ལོ་གསར་གཏང་རྒྱུ་མིན་པའི་སྐོར་འགྲེལ་བརྗོད་དང་འབྲེལ་སྔ་ལོ་དམར་བསད་བཏང་བའི་བོད་མི་ཚོར་རྗེས་དྲན་མྱ་ངན་གུས་བཏུད་ཞུ་རྒྱུ་ཡིན་པའི་སྐོར་བཤད་ཡོད་པ་དང་བོད་པ་གཞན་དང་གཅིག་མཚུངས་རྒྱ་ནག་གིས་བོད་མི་དམར་བསད་བཏང་བའི་གྲངས་འབོར་བརྒྱ་ཕྲག་མང་པོ་ཡིན་པ་དང་བོད་མི་ཚོར་མེ་མདའི་འཇིགས་སྐུལ་འོག་གནས་ཡོད་པ་མ་ཟད་རྒྱ་མིས་བོད་མི་ཚོར་ལོ་གསར་སྲུང་བརྩི་ཞུ་དགོས་པའི་བཙན་བཀའ་བཏང་ཡོད་པའི་སྐོར་ཕྱི་རྒྱལ་གྱི་གསར་འགོད་པ་དེར་འགྲེལ་བརྗོད་གནང་འདུག

ཡང་གསར་འགོད་པ་སཡི་མོན་ཨིལི་གེནྚ་ཡིས་བཀའ་མོལ་གནང་སའི་གོང་ཞུས་བོད་མི་དེས་རྒྱ་མི་ཞེས་མིང་མ་བཏོན་པར་༸གོང་ས་མཆོག་གི་སྐུ་པར་མཐོང་བ་ཡིན་ན་ཁོང་ཚོས་བཙོན་འཇུག་བྱེད་ཀྱི་ཡོད་པ་དང་བོད་པའི་ཕྲུ་གུ་ཚོར་བཙན་བཀའ་བཏང་ནས་རྒྱ་སྐད་སྦྱང་བཅུགས་ཀྱི་ཡོད་པའི་སྐོར་བརྗོད་དེ་བོད་ནང་གི་བོད་མི་ཚོས་རང་ཉིད་བོད་པ་ཡིན་པ་དེ་དུས་ནམ་ཡང་བརྗེད་ཐབས་མེད་པ་དང་༸གོང་ས་མཆོག་བོད་མི་ཚོའི་སེམས་ནང་དུས་རྟག་ཏུ་ཡོད་པའི་སྐོར་ཊ་ཡིམ་ས྄་གསར་དེབ་ཀྱི་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎