བོད་གཞུང་ཟློས་གར་བཙུགས་ནས་ལོ་༥༡འཁོར་བ།

བཞུགས་སྒར་དུ་བོད་གཞུང་ཟློས་སྒར་ཚོགས་པ་གསར་འཛུགས་གནང་སྟེ་མི་ལོ་༥༡འཁོར་བའི་ལོ་འཁོར་གྱི་དབྱར་སྐྱིད་དུས་ཆེན་ཚུགས་འདུག

2010.08.12

༄༅༎ཕྱི་ཚེས་༡༡ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་ཟློས་སྒར་ཚོགས་པ་གསར་འཛུགས་གནང་སྟེ་མི་ལོ་༥༡འཁོར་བའི་ལོ་འཁོར་གྱི་དབྱར་སྐྱིད་དུས་ཆེན་ཚོགས་པ་དང༌། རྒྱལ་བ་ཀརྨ་པ་མཆོག་ཞབས་སོར་འཁོད་དེ་བཀའ་སློབ་གནང་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག

དེ་ཡང་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་བཤད་ནང༌། བོད་མི་རྣམས་བཙན་བྱོལ་དུ་སླེབས་པའི་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་འོག་བཙན་བྱོལ་སྤྱི་ཚོགས་ནང་ལ་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་སློབ་གཉེར་ཁང་མང་པོ་ཞིག་གསར་འཛུགས་གནང་ཡོད་པའི་ནང་ནས། འདི་ག་བཞུགས་སྒར་བོད་ཀྱི་ཟློིས་སྒར་རམ་སྒྱུ་རྩལ་སློབ་གཉེར་ཁང་དེ་ནི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་གནས་ཐབས་ཀྱི་གལ་ཆེའི་སློབ་གཉེར་ཁང་ཞིག་ཡིན་པ་དང༌། སློབ་གཉེར་ཁང་དེའི་འགན་འཁུར་གཙོ་བོ་ནི། བོད་ཀྱི་འཁྲབ་སྟོན་གྱི་སྒྱུ་རྩལ་རྣམས་མི་ཉམས་རྒྱུན་འཛིན་དུ་གནས་ཐབས་དང་གོང་འཕེལ་གཏོང་བ་བརྒྱུད་མི་རབས་རྗེས་མ་རྣམས་གསོ་སྐྱོང་བྱེད་རྒྱུའི་ཆེད་དུ་ཡིན་པར་བརྟེན་ནས་ང་ཚོས་སློབ་གཉེར་ཁང་དེའི་ནང་ཕྱག་ལས་གནང་མཁན་རྒན་རབས་རྣམས་དང་ད་ལྟའི་ཚོགས་མི་རྣམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གྲུབ་པ་དང༌། ཆེད་ལས་སྒྱུ་རྩལ་བ་གསོ་སྐྱོང་དང་ཤུལ་འཛིན་གྱི་ལྟེ་གནས་ཤིག་ཏུ་འགྱུར་ཐུབ་པའི་ཕྱག་ལས་ལ་སྔགས་བརྗོད་ཞུ་དགོས་པ་ཡིན། ད་དུང་ཡང་ད་ཡོད་ཀྱི་ལས་བྱེད་པ་དང་འཁྲབ་སྟོན་པ་ཚོས་མུ་མཐུད་ནས་མཉམ་རུབ་ཀྱི་འབད་བརྩོན་བྱ་དགོས་པའི་རེ་སྐུལ་གནང་གི་ཡོད་ཅེས་གསུང་ཡོད་པ་རེད། བོད་ཀྱི་ཟློས་གར་ཚོགས་པ་དེའི་ནང་ད་ཡོད་ཚོགས་མི་༡༡༢ ཡོད་པ་དང་དེའི་ནང་དུ་སྒྱུ་རྩལ་མི་སྣ་དང་བྱུས་བཀོད་པ་དང་སློབ་ཁྲིད་པ། འཛིན་སྐྱོང་ལས་བྱེད་པ། ལག་རྩལ་བ་བཅས་ཡིན་ཞིང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཀྱི་ཆེད་དུ་ཟློས་གར་ཚོགས་པ་དེ་༡༩༥༩ལོའི་ཕྱི་ཟླ་བརྒྱད་པའི་ནང་གསར་འཛུགས་གནང་བ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎