བོད་བཙན་བཟུང་བྱས་ནས་ལོ་༦༠་འཁོར་བའི་དུས་དྲན།

རྒྱ་ནག་གིས་བོད་བཙན་འཛུལ་བྱས་ནས་ལོ་ངོ་༦༠འཁོར་བའི་ཉིན་དེར་དྲན་གསོའི་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་དཔྱད་པ།

2011.05.23

༄༅༎དེ་རིང་ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གིས་བོད་བཙན་འཛུལ་བྱས་ནས་ལོ་ངོ་ ༦༠ འཁོར་བའི་ཉིན་དེར་ཨོ་སི་ཀྲོ་ལི་ཡའི་ནང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཞིག་གིས་ཉིན་དེ་བོད་མི་དང་རྒྱ་མི་རིགས་ཚོས་དྲན་གསོའི་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་དཔྱད་པ་གནང་ཡོད་པ་རེད་ དེ་ཡང་Australian National Universityཞེས་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་སྦེན་ཧིལ་མེན་(Ben Hillman)ཡིས་རྒྱ་ནག་གུང་བྲན་ཏང་གིས་ཉིན་དེ་རྒྱ་ནག་གིས་བོད་ཞི་བའི་བཅིངས་་བཀྲོལ་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་བོད་མི་རྣམས་ཀྱིས་དེ་ལས་ལྡོག་ཏེ་་བོད་རང་བཙན་གཙང་མའི་རྒྱལ་ཁབ་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པར་ངོས་འཛིན་གནང་གི་ཡོད་པ་རེད་ཅེས་གསུང་འདུག ཁོང་གིས་དེ་རིང་ཕྱི་ཟླ་ ༥ པའི་ཚེས་ ༢༣ ཉིན་དེར་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁག་མདུན་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་གནང་སྲིད་ཅེས་དང་ རྒྱ་ནག་ནང་དུས་དྲན་དེ་འདྲ་བའི་དངོས་གསལ་དོད་པོ་བྱེད་བཟོ་མེད་སྐོར་གསུང་འདུག ཡང་ཨོ་སི་ཀྲོ་ལི་ཡའི་བོད་དོན་ཚོགས་པའི་ལས་བྱེད་ཚེ་རིང་སྐྱིད་འཛོམས་ལགས་ཀྱིས་ཡུལ་དེར་གནས་འཁོད་བོད་མི་རྣམས་ཀྱིས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་རྒྱུའི་འཆར་གཞི་མེད་ལ་ཁོང་རྣམས་འཆར་ཟླའི་ནང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལི་ཡ་ནང་ཆིབས་བསྒྱུར་བསྐྱངས་གནང་རྒྱུའི་མཛད་འཆར་ཐོག་གྲ་སྒྲིག་དང་མ་འོངས་བོད་ཀྱི་གནས་བབ་ཐོག་དོ་སྣང་ཆེ་བ་གནང་གི་ཡོད་སྐོར་གསུང་འདུག ཡང་ཁོང་གིས་བོད་མི་རྣམས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་བྱུང་བའི་བོད་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དེ་གལ་གནད་ཆེ་བ་ལས་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པའི་ཉིན་མོ་དེ་གལ་གནད་ཆེ་བར་ངོས་འཛིན་གནང་གི་མེད་སྐོར་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎