ཊོ་ནི་ཨེ་སྦོཊ་རྒྱལ་ཁ་ཐོབ་ཡོད་པ།


2013.09.07
ཊོ་ནི་ཨེ་སྦོཊ་རྒྱལ་ཁ་ཐོབ་པ། ཊོ་ནི་ཨེ་སྦོཊ་ཡིས་༸གོང་ས་མཆོག་ཨོ་སི་ཊེ་ལི་ཡའི་ནང་ཆིབས་བསྒྱུར་བསྐྱངས་སྐབས་མཇལ་འཕྲད་ཞུས་ཡོད་པ།
༸གོང་ས་མཆོག་གི་དྲ་གནས།

ཨའོསི་ཊེརི་ལི་ཡའི་སྲིད་བློན་ཀེ་ཝིན་རཱཌ་ཡིས་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཕྱོགས་འགལ་རྙིང་ཞེན་ཚོགས་པའམ་ Conservative སྣ་སྦྲེལ་ཚོགས་པར་ཐོབ་པར་ངོས་ལེན་གནང་སྟེ། ཐེངས་རྗེས་མའི་ཨའོསི་ཊརེ་ལི་ཡའི་སྲིད་བློན་དུ་ངེས་པ་གུ་ཡངས་ཚོགས་པའི་དབུ་འཁྲིད་སྐུ་ཞབས་ཊོ་ནི་ ཨེ་སྦོཊ་ལགས་སུ་འཚམས་འདྲི་ཞུས་འདུག། གཟའ་སྤེན་པའི་ཉིན་ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་འོས་བསྡུའི་སྐབས་རྙིང་ཞེན་ཚོགས་པར་མང་མོས་ཆེན་པོའི་རྒྱལ་ཁ་ཐོབ་པ་དེས་ལས་སྩོལ་ཚོགས་པས་འདས་པའི་ལོ་ངོ་དྲུག་རིང་ཆབ་སྲིད་ཀྱི་ཀྱག་ཀྱོག་རང་བཞིན་མང་བས་གཞུང་འཛིན་སྲིད་དབང་མཇུག་བསྒྲིལ་བ་དང་། རྒྱ་ནག་གི་གནད་དོན་ཐོག་མཁས་པ་རིང་མིན་འཁྱུར་འགྲོ་མཁན་སྲིད་བློན་ ཀེ་ཝིན་ རཌ་ཡིས་ཁོང་ལས་སྩོལ་ཚོགས་པའི་དབུ་འཁྲིད་ནས་དགོངས་ཞུ་གནང་རྒྱུ་དང་སླར་ཡང་ལས་སྩོལ་ཚོགས་པའི་དབུ་འཁྲིད་ཀྱི་འོས་བསྡུའི་ནང་ཞུགས་རྒྱུ་མིན་པ་གསུངས་འདུག།
ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་བདུན་པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨའསོ་ཊརེ་ལི་ཡར་ཆིབས་བསྒྱུར་ཞབས་སོར་འཁོད་སྐབས་ད་རེས་རྒྱལ་ཁ་ཐོབ་མཁན་རྙིང་ཞེན་ཚོགས་པའི་དབུ་འཁྲིད་ཊོ་ནི་ཨེ་སྦོཊ་དབུས་སྲིད་དོན་མི་སྣ་གནད་ཡོད་ཁག་ནས་ཡུལ་དེའི་གྲོས་ཚོགས་སུ་གདན་ཞུའི་ཐོག་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་པ་རེད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་ཊོ་ནི་ཨེ་སྦོཊ་ཟུར་མཇལ་ཡང་གནང་ཡོད་པ་རེད།།
ཨའོསི་ཊརེ་ལི་ཡའི་གཞུང་གིས་བོད་ནང་རྒྱ་མིའི་བཙོན་ཁང་ནང་ཚོད་མྱོང་མཁན་གྱི་བཙོན་ཟུར་བ་ཆིག་སྟོང་དང་དེ་དག་གི་ནང་མི་ཚོར་ཡུལ་དེའི་ནང་སྐྱབས་བཅོལ་དུ་ལེན་རྒྱུའི་ལས་དོན་འགྲོ་མུས་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎