རྒྱ་གར་གྱི་ཡར་རྒྱས་ལ་རྒྱ་ནག་གིས་འགོག་རྐྱེན་བཟོ་ཉེན་ཡོད་པ།
2010.12.12
༄༅༎རྒྱ་གར་དང་རྒྱ་ནག་དབར་དེ་སྔ་ཕྱི་ལོ་༡༩༦༢ལོར་དམག་འཁྲུག་བྱུང་བའི་རྗེས་སུ་ཡུལ་གཉིས་དབར་དཔལ་འབྱོར་དང་ ཚོང་དོན་ ས་མཚམས་ ཆབ་སྲིད་བཅས་ཀྱི་འགྲན་རྩོད་ཡོད་པ་མ་ཟད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་ཐོག་མར་སྐྱབས་བཅོལ་དུ་བཞུགས་རྒྱུའི་མཐུན་རྐྱེན་བསྐྲུན་པ་དེར་དུས་ད་ལྟ་ཡང་ཡུལ་གཉིས་དབར་འཁོན་འཛིན་གྱི་གཞི་རྩ་གཙོ་བོར་ངོས་འཛིན་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག། དཔལ་འབྱོར་དང་ཚོང་འབྲེལ་ཐད་རྒྱ་གར་དང་རྒྱ་ནག་གཉིས་ཨེ་ཤེ་ཡ་ནས་ཨཕ་རི་ཀ་དང་ ལེཊིན་ ཨ་མི་རི་ཀའི་དབར་འགྲན་རྩོད་ཆེན་པོ་ཡོད་ཀྱང་ད་བར་རྒྱ་ནག་གི་ཚོང་འབྲེལ་ཧ་ཅང་ཆེ་བ་ཡོད་ཀྱང་ད་ཆ་རྒྱ་གར་གྱིས་རྒྱལ་ཁབ་དེ་དག་དང་དཔལ་འབྱོར་གྱི་འབྲེལ་ལམ་རྒྱ་ཆེ་ཏུ་གཏོང་རྒྱུའི་འབོད་བརྩོན་གནང་གི་ཡོད་འདུག། ཡུལ་གཉིས་དབར་ཡུན་རིང་ནས་ཆབ་སྲིད་དང་ས་མཚམས་ཀྱི་དཀའ་རྙོག་ཡོད་མིན་ལ་ལྟོས་མེད་ཀྱིས་ཚོང་འབྲེལ་ཧ་ཅང་ཆེ་རུ་ཕྱིན་ཡོད་རེད།།