ཨ་རི་དང་རྒྱ་ནག་གི་དམག་དོན་ཚན་པའི་འགོ་འཁྲིད་མཇལ་འཕྲད།

ཨ་མི་རི་ཀའི་དམག་དོན་ཚན་པའི་འགོ་འཁྲིད་རྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་ཕེབས་ནས་རྒྱ་ནག་གི་དམག་སྤྱི་མཇལ་འཕྲད་གནང་བ།

2011.07.12

༄༅༎ཨ་མི་རི་ཀའི་དམག་དོན་ཚན་པའི་འགོ་འཁྲིད་མ་ཡེག་ མུ་ལེན་མཆོགརྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་ཕེབས་ནསརྒྱ་ནག་གི་དམག་སྤྱི་ཆན་སྦིང་གེ་མཇལ་འཕྲད་གནང་ཡོད་པ་དང་དེ་བཞིན་ཁོང་ནས་སྲིད་འཛིན་གཞོན་པ་ཤི་ ཇིན་པིང་དང་ཡང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་འདུག

དམག་སྤྱི་རྣམ་གཉིས་མཇལ་འཕྲད་གྲུབ་པའི་རྗེས་སུ་རྒྱ་ནག་གི་དམག་སྤྱི་ཆན་ནས། ཁོང་རྣམ་གཉིས་དབར་བློ་འཚབ་ཡོད་པའི་ལྷོ་རྒྱ་མཚོའི་དཀའ་རྙོག་སྐོར་གྲོས་མོལ་གནང་ཡོད་ལུགས་གསུངས་པ་མ་ཟདཕྱོགས་ཕན་ཚུན་སྐབས་རེ་གནས་ཚུལ་མི་མཐུན་པའང་ཡོང་སྲིད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག ཨ་རིའི་དམག་དོན་ཚན་པའི་སྤྱི་ཁྱབ་རྒྱ་ནག་ལ་ཉིན་གྲངས་བཞིའི་རིང་གཟིགས་བསྐོར་གནང་རྒྱུན་རིང་བྱང་ཀོ་རི་ཡའི་གནད་དོན་དང་། ཡུལ་གཉིས་དབར་སྲུང་སྐྱོབ་ཀྱི་གནད་དོན་སོགས་ཀྱི་སྐོར་ལའང་གྲོས་མོལ་གནང་འཆར་ཡོད་འདུག

དེ་ཡང་ཨ་རིའི་དམག་སྤྱི་མུ་ལེན་མཆོག་ནས་གསར་འགོད་ལྷན་ཚོགས་ཐོག་གསུངས་པར་ལྟར་ན།

རྒྱ་ནག་ངོས་ནས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་དགོས་རྒྱུའི་སྐུལ་མ་གནང་ཡོད་པ་མ་ཟད་བྱང་ཀོ་རི་ཡའི་ཕྱོགས་ནས་ཉེན་བརྡ་གཏོང་རྒྱུ་མཚམས་འཇོག་དགོས་པའི་སྐོར་ཡང་གསུངས་འདུག

ཡང་ཨ་རིའི་དམག་སྤྱི་མུ་ལེན་མཆོག་གི་རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་སློབ་ཕྲུག་ཚོར་གསུངས་བཤད་གནང་བའི་ནང་། ལྷོ་རྒྱ་ནག་རྒྱ་མཚོ་དེ་བཞིན་རྒྱལ་ཁབ་མང་པོ་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད་པའི་ཆ་ནས་དེ་དག་གི་ཐོག་སྟངས་འཛིན་བྱེད་ཕྱོགས་ཐོག་ལའང་དོ་ཕོག་མི་འགྲོ་བ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎