རྒྱ་ནག་གཞུང་གི་དཔོན་རིཌ་འཇབ་སྒུག་གིས་ཐུག་འཕྲད།

བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐུ་ཚབ་གཉིས་ནས་རྒྱ་ནག་གཞུང་གི་དཔོན་རིགས་ལུ་ཧའོ་འཇབ་སྒུག་གིས་ཐུག་འཕྲད་གནང་ཡོད་པ་རེད།

2011.11.04

༄༅༎བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐུ་ཚབ་གཉིས་ནས་རྒྱ་ནག་གཞུང་གི་དཔོན་རིགས་ལུ་ཧའོ་འཇབ་སྒུག་གིས་ཐུག་འཕྲད་དང་དེ་བཞིན་རྒྱ་གར་གྱི་དཔོན་རིགས་ཁག་ལྷན་ཆེས་མཐོའི་འབྲེལ་མཇལ་ཞུས་ཏེ་བོད་མིའི་ཚེ་སྲོག་སྐྱོབ་དགོས་པའི་རྒྱལ་སྤྱིའི་ལས་འགུལ་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་པའི་སྐོར་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག
གསལ་བསྒྲགས་དེའི་ནང་ཕྱི་ཚེས་༣གྱི་སྔ་དྲོ་ཕྱག་ཚོད་༡༠དང་སྐར་མ་༥༠ཐོག་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ རྒྱ་གར་དུ་གཟིགས་སྐོར་ཕེབས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གི་དཔོན་རིགས་དང་ ཀན་སུའུ་ཞིང་ཆེན་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་བོད་ལས་དོན་ཚོགས་པའི་ཚོགས་མི་ཡིན་པ་ ལུ་ཧའོ་ རྒྱ་གར་གྱི་ཏཇ་མོ་ཧལ་མགྲོན་ཁང་གི་བར་ཁྱམས་ནང་ཕྱི་འབྲེལ་མི་སྣ་གལ་གནད་ཅན་གཉིས་དང་བཀའ་མོལ་གནང་བཞིན་པའི་སྐབས་བེུད་ཚོགས་པའི་ཚོགས་གཙོ་ཀིཏི་སྒྲོལ་དཀར་ལྷ་མོལ་ལགས་ཀྱིས་འཇབ་སྒུག་གིས་གློ་བུར་དུ་རྒྱ་ནག་གི་དཔོན་རིགས་ལུ་ཧའོ་དང་བཀའ་མོལ་གནང་ཡོད་པ་དང་ སྐར་མ་གཉིས་ཙམ་ནང་ཚུད་ཀིརྟི་སྒྲོལ་དཀར་ལགས་ནས་ རྒྱ་ནག་གི་དཔོན་རིགས་ལུ་ཧའོ་ལ་བོད་ནང་གི་བོད་མི་ན་གཞོན་རྣམས་སོ་སོའི་སྲོག་ཚུན་ཆད་མེར་བསྲེག་ཕུལ་དགོས་པའི་གནས་སྟངས་ཐོག་བཙན་བྱོལ་བོད་མི་རྣམས་ནས་རྒྱལ་སྤྱིའི་བར་འདུམ་གནང་སྟེ་བོད་མིའི་ཚེ་སྲོག་སྐྱོབས་ཤིག་ཅེས་པའི་ལས་འགུལ་སྤེལ་བཞིན་པའི་སྐོར་ཞུས་ཡོད་པ་དང་ འབྲེལ་ཁ་གཏགས་དང་སྙན་ཞུ་ཕུལ་བར་ རྒྱ་ནག་གི་དཔོན་རིགས་དེས་ད་རེས་ཁོང་ཚོ་རྒྱ་གར་དུ་རིག་གཞུང་བརྗེ་རེས་་ཆེད་ཡོང་བ་ཞིག་ཡིན་པས་ ཁྱེད་རང་གི་སྙན་ཞུ་དང་ཁ་བཏགས་ལེན་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎