རྒྱ་ནག་ནང་ནགས་ཚལ་ལ་མེ་སྐྱོན་བྱུང་བ།
2010.05.23
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཤིང་ཧྰ་གསར་ཤོག་ཐོག་ལ། རྒྱ་ནག་གི་ལྷོ་ནུབ་ཡུ་ནན་ཞིང་ཆེན་ཁུལ་གྱི་ནགས་ཚལ་ལ་མེ་སྐྱོན་བྱུང་བའི་སྐབས་མེ་གསོད་རོགས་སྐྱོར་བ་གར་སོང་ཆ་མེད་དུ་གྱུར་བའི་གྲས་ནས་དེ་རིང་མི་༡༢ ཀྱི་ཕུང་པོ་རྙེད་སོན་བྱུང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།
དེ་རིང་ཡུ་ནན་ཞིང་ཆེན་གྱི་ནགས་ཚལ་མེ་སྐྱོན་འགོག་སྲུང་ལས་ཁང་གི་འགན་འཛིན་གཞོན་པ་ཝན་ཡོང་གིས། མི་༡༢་ཀྱི་ཕུང་པོ་རྙེད་སོན་བྱུང་བ་ཚང་མ་ཡུ་ནན་ཞིང་ཆེན་གྱི་ལི་ཇིའང་གྲོང་ཁྱེར་གྱི་སིའུ་ཡུ་གྲོང་གསེབ་པ་ཡིན་པ་དང༌། ཁོང་ཚོས་རེས་གཟའ་སྤེན་པའི་ཉིན་རྒྱབ་ཚོུད་དང་པོ་ཙམ་ལ་ནགས་ཚལ་ལ་མེ་སྐྱོན་བྱུང་བའི་རྗེས་མེ་གསོད་དུ་རོགས་རམ་ཡོང་བ་ཞིག་ཡིན་ཞིང༌། ཡིན་ནའང་རེས་གཟའ་ཉི་མའི་སྔ་དྲོའི་ཚོུད་༨ དང་ཕྱེད་ཀ་ཙམ་གྱི་གཡས་གཡོན་ལ་མེ་སྐྱོན་གསོད་ཐུབ་པའི་རྗེས་ཁོང་རྣམས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཤེས་རྟོག་བྱུང་ལུགས་བཤད་ཡོད་པ་རེད། ཁོང་རྣམས་ཤི་བའི་རྒྱུ་རྐྱེན་ནི་གཅིག་ནས་མེ་གསོད་པའི་ཉམས་མྱོང་གི་མི་འདངས་བ་དང་ཡང་ན་མེ་རླབས་ཆེ་བའི་རྐྱེན་གྱིས་ཡིན་སྲིད་པའི་སྔོན་དཔགས་བྱེད་ཀྱི་ཡོད་ནའང་ལི་ཇིའང་གྲོང་ཁྱེར་གྱི་དཔོན་རིགས་ནས་ཁོང་ཚོ་ཤི་བའི་གྱོད་དོན་རྩད་འཚོལ་བྱེད་མུས་ཡིན་པ་བཀོད་ཡོད་པ་རེད།།