རྒྱ་ནག་ནང་མཚོ་ཆེ་ཤོས་གཉིས་སྐམ་བཞིན་ཡོད་པ།

ཆུ་མཛོད་མཚེའུ་སོགས་སྐམ་པས་མི་མང་གི་ཉིན་རེའི་འཚོ་བར་དོ་ཕོག་ཤུགས་ཆེ་ཞིག་ཐེབ་ཉེན་ཡོད་པ།

2011.05.29

༄༅༎རྒྱ་ནག་གི་ནང་དེང་སང་སྤྱི་ལོ་༡༩༦༡ནས་བཟུང་ད་བར་བྱུང་མྱོང་མེད་པའི་འབྲི་ཆུའི་ཆུ་ཚད་དམའ་ཤོས་ཤིག་ཏུ་གྱུར་ནས་དེའི་ཁོར་ཡུག་གི་ཆུ་མཛོིད་མཚེའུ་སོགས་མང་པོ་ཞིག་སྐམ་བཞིན་ཡོད་པས་དེས་རྒྱ་ནག་གི་འབྲི་ཆུའི་ཁོར་ཡུག་ཏུ་གནས་པའི་ཧུ་བྷེ་ཞིང་ཆེན་དང།  ཧུ་ནན། ཅང་ཤི། ཨ་ཧུད། ཅང་སུ། ཀྲའ་ཅང༌། སོགས་ཞིང་ཆེན་དེ་ཚོའི་ནང་གི་སོ་ནམས་ཞིང་ལས་ཐོན་སྐྱེད་དང་མི་མང་གི་ཉིན་རེའི་འཚོ་བར་དོ་ཕོག་ཤུགས་ཆེ་ཞིག་ཐེབ་ཀྱི་ཡོད་པ་རེད།

འབྲི་ཆུའི་གཙང་པོར་བརྟེན་ནས་འཚོ་སྐྱེལ་མཁན་ཉ་པ་དེ་ཚོ་གཙང་ཆུ་ཆུང་དུ་ཕྱིན་པའི་སྟབས་ཉ་པའི་ལས་ཀ་ཁུངས་མ་འཁྱོལ་བར་གྲོང་ཁྱེར་གཞན་ཁག་གི་ནང་ལས་ཀ་འཚོལ་བར་འགྲོ་ཡི་ཡོད་པ་སོགས་རྒྱ་ནག་གི་འབྲི་ཆུའི་མངལ་གྱི་ས་ཁུལ་དེ་ཚོའི་ནང་ཆར་ཆུ་ཡག་པོ་མེད་པའི་སྟབས་ཀྱིས་དེ་ཁུལ་གྱི་ཆུ་མང་པོ་སྐམ་ནས་རྣམ་ཀུན་མི་མང་གི་འཚོ་བར་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པའི་གནས་ཚུལ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎