རྔ་པ་ཀིརྟི་དགོན་སོགས་ཐད་རྒྱལ་ཚོགས་ཀྱི་དྲུང་ཆེར་ཞུ་སྙན།

བོད་རྔ་པ་ཁུལ་གྱི་གནས་སྟངས་ཐོག་ཐུགས་སྣང་དང་རོགས་རམ་གནང་རྒྱུའི་ཞུ་སྙན་ཞིག་ཕུལ་གནང་ཡོད་འདུག

2011.04.15

༄༅༎ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་འབྲེལ་ཡོད་ས་གནས་ཡུལ་མི་རྣམས་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པར་བརྟེན་ནས་ཕྱི་ཟླ་༤པའི་ཚེས་༡༥གཟའ་པ་སངས་ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བན་ཀི་མུན་མཆོག་ལ་བོད་རྔ་པ་ཁུལ་གྱི་གནས་སྟངས་ཐོག་ཐུགས་སྣང་དང་རོགས་རམ་གནང་རྒྱུའི་ཞུ་སྙན་ཞིག་ཕུལ་གནང་ཡོད་འདུག  

ཞུ་སྙན་དེའི་ནང་གཙོ་བོ་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཐུགས་སྣང་ཡོང་བའི་འབོད་སྐུལ་དང་ལྷག་པར་དུ་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༦ཉིན་དགུང་གྲངས་༢༠སོན་པའི་ཀིརྟི་དགོན་པའི་དགེ་འདུན་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱས་པར་ཆོས་གསུམ་བོད་མི་རྣམས་ཀྱིས་ས་བྱི་ཞི་རྒོལ་ཆེན་མིའི་ཞི་བའི་སྒེར་ལངས་བྱས་ཏེ་ལོ་གསུམ་ཁོར་བའི་དུས་ཚིགས་དང་སྟུན་ནས་རང་ཉིད་ཀྱི་སྐུ་གཟུགས་ཞུགས་འབུལ་གནང་ཏེ་དེའི་ཕྱི་ཉིན་འདས་གྲོངས་སུ་གྱུར་བའི་རྗེས་ཀིརྟི་དགོན་པའི་དགེ་འདུན་པ་ཆིག་སྟོང་ཙམ་དང་ས་གནས་ཡུལ་མི་ཁག་ཅིག་གིས་ཞི་བའི་ལམ་ནས་ཁོང་ལ་གདུང་སེམས་མཉམ་སྐྱེད་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ད་ལྟའི་ཆར་ཀིརྟི་དགོནཔའི་མཐའ་འཁོར་དུ་གཟེར་མ་རྭ་མགོ་བཙུགས་པ་མ་ཟད་དགོན་པའི་ཕྱི་རོལ་དུ་ལྕགས་རི་བསྐོར་ནས་ཕྱི་ནང་གཉིས་སུ་འགྲོ་འོང་བཀག་སྡོམ་བྱས་ནས་དགོན་པ་དེ་བཞིན་གཙོན་ཁང་ལྟ་བུར་གྱུར་ཡོད་པ་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་ཏེ་ ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་སེལ་རྒྱུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོགས་རམ་དགོས་པའི་འབོད་སྐུལ་གནང་བ་དང་འབྲེལ་ ཞུ་སྙན་འདི་དང་མཉམ་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟེ་གནས་ཁང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་ཇི་འདྲ་གཏོང་བཞིན་པའི་ལོ་འཁོར་སྙན་ཐོ་གསར་ཤོས་ཤིག་ཡང་ཕུལ་ཡོད་འདུག ཞུ་སྙན་དེ་ད་དུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་སོགས་ལ་ཡང་དུས་གཅིག་ཏུ་ཕུལ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎