ཨ་རི་དང་ཡོ་རོབ་ནས་བོད་རྒྱའི་གྲོས་མོལ་སྐོར་གྱི་གསལ་བསྒྲགས།

ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་སྐུའི་སྐུ་ཚབ་དང་གྲོས་མོལ་གནང་དགོས་སྐོར་གྱི་ཟུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་འཆར་འདུག

2008.06.10

༄༅༎ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་ནས་ རྒྱ་ནག་གཞུང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲུབ་འབྲས་སོན་རྒྱུའི་དམིགས་ཡུལ་ལྡན་པའི་གྲོས་མོལ་གནང་དགོས་སྐོར་གྱི་ཟུང་འབྲེལ་གསལ་བསྒྲགས་ཤིག་རེས་གཟའ་མིག་དམར་ཉིན་གནང་འཆར་ཡོད་འདུག་

དེ་ཡང་ཕཱ་རན་སི་གསར་འགྱུར་ལས་ཁང་ལ་ཟུང་འབྲེལ་གསལ་བསྒྲགས་དེའི་ཟིན་བྲིས་ཞིག་ལག་ཐོབ་བྱུང་འདུག་པ་དེའི་ནང་ ཉེ་བའི་འཆར་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུའི་ཐག་གཅོད་གནང་པ་དེར་དགའ་བསུ་ཞུ་རྒྱུ་ཡིན་ ང་ཚོ་ཕྱོགས་གཉིས་ཀའི་ངོས་ནས་ ཁ་ཡོད་ལག་ཡོད་དང་དོན་ཕན་སོན་པ་ དེ་བཞིན་གྲུབ་འབྲས་ཀྱི་དམིགས་ཡུལ་བཟུང་བའི་ཐོག་ནས་གོམ་པ་མདུན་སྤོས་གནང་དགོས་རྒྱུར་བསྐུལ་མ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག་

བོད་རྒྱ་གྲོས་མོལ་ཐད་ཀྱི་ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་ཀྱི་ཟུང་འབྲེལ་གསལ་བསྒྲགས་ཀྱི་ཡིག་ཆ་དེ་ ཨ་མི་རི་ཀའི་སྲིད་འཛིན་ཇོརཇ་སྦུཤ་མཆོག་དང་ཡོ་རོབ་མཐུན་ཚོགས་ཀྱི་དབུ་འཁྲིད་རྣམ་པའི་དབར་ལོ་རེའི་ཨ་རི་དང་ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་དེ་གྲུབ་པའི་རྗེས་འགྲེམ་སྤེལ་གནང་རྒྱུ་ཡིན་པ་ཕཱ་རན་སི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག་

ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་དེ་ ཡོ་རོབ་ཀྱི་ཡུལ་གྲུ་སོལོ་ལྦེ་ནི་ཡའི་རྒྱལ་ས་ལུབ་ཇཱ་ནའི་ནང་ཚུགས་བཞིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎