ཨ་རིས་ཨེ་ཤེ་ཡའི་ནང་དམག་དོན་ནུས་ཤུགས་ཆེ་རུ་གཏོང་འཆར།

རྒྱ་ནག་གིས་བཙན་ཤུགས་ཆེ་རུ་བཏང་བའི་བློ་འཚབ་བྱེད་ཡུལ་ཁག་ཏུ་ཨ་རིའི་དམག་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་དམ་བཅའ་བཞག་འདུག

2012.02.13

༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་རྒྱལ་ཁབ་ཀྱི་དངུལ་རྩིས་ལ་དཀའ་ངལ་ཡོད་པའི་ཆ་ནས་དམག་དོན་ཐོག་འགྲོ་གྲོན་རྒྱ་ཆེ་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་རུང༌། བར་ལམ་རྒྱ་ནག་གིས་བཙན་ཤུགས་ཆེ་རུ་བཏང་གི་ཡོད་པའི་བློ་འཚབ་བྱེད་མཁན་རྒྱལ་ཁབ་མང་པོ་ཡོད་སའི་གླིང་ཆེན་ཨེ་ཤི་ཡའི་ནང་ཨ་རིའི་དམག་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་དམ་བཅའ་བཞག་གནང་ཡོད་པ་རེད།
ཉེ་བའི་ཟླ་ཤས་ནང་ཨ་མི་རི་ཀས་ཨོསི་ཏྲེ་རི་ལི་ཡ་དང་ཕི་ལི་པིནསི་ནང་ཨ་རིའི་དཔུང་དམག་བཀོད་གཏོང་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་མ་ཟད། ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་ཨ་རིའི་དམག་གི་རྟེན་གཞི་ཡོད་བཞིན་པའི་ཐོག། ཝེཏ་ནམ་དང་སིང་ག་པུར་མཉམ་དམག་དོན་གྱི་འབྲེལ་ལམ་རྒྱ་ཆེ་རུ་གཏོང་རྒྱུའི་བཀའ་མོལ་ཡང་གནང་ཟིན་པ་རེད།
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་རྒྱ་ནག་ནས་ཨ་རིའི་ཕྱོགས་སུ་ཐོན་བསྐྱོད་ཟིན་རྗེས། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ལྦེ་མིན་ཡིས་གསར་འགོད་པ་ཚོར། རྒྱ་ནག་དང་ཨ་རི་གཉིས་དབར་ཕན་ཚུན་ཡིད་ཆེས་གོང་འཕེལ་གཏོང་རྒྱུ་དེ་གནད་དོན་གལ་ཆེ་ཡིན་སྐོར་ནན་བརྗོད་དང་འབྲེལ། རྒྱལ་ཁབ་གཉིས་ཕན་ཚུན་དགྲ་ཁ་གཏད་མིན་པར་མཛའ་འབྲེལ་རྒྱལ་ཁབ་ཡིན་པ་དང༌། རྒྱ་ནག་གིས་ཞི་བདེའི་ལམ་ཐོག་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་འདོད་པ་ཡོད་སྟབས། རྒྱ་ནག་གོང་འཕེལ་ཕྱིན་པ་ཡིན་ན། ཨ་རི་དང་རྒྱལ་ཁབ་གཞན་ཚོར་གོ་སྐབས་ཡིན་པ་ལས་ཉེན་ཁ་ཆགས་ཀྱི་མེད་སྐོར་རྒྱ་གཞུང་མགྲིན་ཚབ་པས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎