ཨ་རིའི་གྲོས་ཚོགས་ཚོགས་གཙོ་རྒྱ་ནག་ཏུ་འཚམས་གཟིགས།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་རྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་ཕེབས་རྒྱུ་ཡིན་འདུག

2009.05.21

༄༅༎ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་རྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་ཕེབས་རྒྱུ་ཡིན་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་དབུས་པས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཏུ་ཕེབས་འབྱོར་གྱིས་བདུན་ཕྲག་གཅིག་རིང་བཞུགས་བཞག་གནང་རྒྱུ་ཡིན་ལུགས་བཀོད་པ་ལས་ད་ལྟའི་ཆར་ཁོང་རྣམས་ཀྱི་མཛད་འཆར་སྐོར་དམིགས་བསལ་གསལ་ཁ་བཏོན་མེད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ནི་སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་སུ་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་ལྷག་པར་དུ་བོད་དོན་ཐོག་དམིགས་བསལ་གྱི་ཐུགས་འཁུར་དང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད། སྔ་ལོ་བོད་ནང་དོན་རྐྱེན་བྱུང་བའི་སྐབས་རང་དབང་ལ་དགའ་བའི་འཛམ་གླིང་མི་མང་རྣམས་ནས་རྒྱ་ནག་གིས་བོད་ནང་དྲག་གནོན་བྱེད་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་དགོས་ལུགས་གསུངས་ཡོད་རེད། དེ་དང་ཕྱོགས་མཚུངས་སྔ་ལོ་ཡུ་རོབ་གྲོས་ཚོགས་ནས་རྒྱ་རིགས་འགྲོ་བ་མིའི་ཐོབ་ ཐང་དོན་གཉེར་བ་ཧུ་ཇའེ་ལ་རང་དབང་འཐབ་རྩོད་ཀྱི་བྱ་དགའ་གསོལ་རས་གནང་བར་བསྔགས་བརྗོད་གནང་ཡོད་པ་རེད། སྔ་ལོ་ཁོང་གིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲི་གཟིགས་བསྐོར་དུ་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎