དྲ་རྒྱ་བཀག་སྡོམ་མཚམས་འཇོག་དགོས་པའི་ནན་སྐུལ།

རྒྱ་ནག་ནང་དྲ་རྒྱའི་བཟོ་ཚོང་ལས་ཁང་ཆེ་ཤོས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་གལ་སྐོར་ཨ་རིའི་གྲོས་ཚོགས་འཐུས་མིས་ནན་སྐུལ།

2011.05.05

༄༅༎སྦའེ་དྲུ་(Baidu)ཞེས་པའི་རྒྱ་ནག་ནང་ཨིན་ཊར་དྲ་རྒྱའི་བཟོ་ཚོང་ལས་ཁང་ཆེ་ཤོས་དེའི་ རྒྱ་ནག་ནང་དྲ་རྒྱ་དེ་བརྒྱུད་གནས་ཚུལ་འཚོལ་ཞིབ་དང་བསྔོག་བཤེར་བྱ་ཕྱོགས་ཐད་དམ་བསྒྲཌ་ཀྱི་བཀའ་སྡོམ་མཚམས་འཇོག་བྱས་ཏེ་ འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་གལ་སྐོར་ ཨ་རིའི་གྲོས་ཚོགས་གོང་མའི་གནས་ཡོད་འཐུས་མི་ཞིག་ནས་ནན་སྐུལ་ཤུགས་ཆེ་གནང་པའི་གནས་ཚུལ་ཐོན་འདུག་༎

གོང་གསལ་སྦའེ་དྲུ་ཞེས་པའི་རྒྱ་ནག་གི་དྲ་རྒྱ་ཆེ་ཤོས་དེས་ཨ་རིའི་ནང་གི་Facebook ཞེས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་  ཟུང་འབྲེལ་གྱི་ཐོག་ནས་རྒྱ་ནག་ནང་དུ་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་གསར་སྤེལ་བྱ་རྒྱུའི་ལས་འཆར་ཡོད་པ་རེད་ ཡིན་ཡང་རྒྱ་ནག་གི་སྦའེ་དྲུ་རྒྱའི་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་བཀོད་ཇུས་ལྟར་ དྲ་རྒྱའི་ཐོག་སྨྲ་བརྗོད་ཀྱི་རང་དབང་ལ་ཚོད་འཛིན་བྱས་པའི་ལོ་རྒྱུས་ཡོད་མུས་ཡིན་པར་སོང་ ཨ་རིའི་གྲོས་ཚོགས་གོང་མའི་གནས་ཡོད་འཐུས་མི་སྐུ་ཞབས་རི་ཆདྲ་དྲར་སྦིན་མཆོག་གིས་སྦའེ་དྲུ་དང་ཕེསི་སྦུཀ་ངོ་དེབ་གཉིས་ཀྱི་ཟུང་འབྲེལ་གྱི་ཚོང་ལས་སྤེལ་རྒྱུའི་ལས་འཆར་ལ་བློ་དོགས་གསལ་འདོན་གནང་བཞག རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌར་སྦིན་གྱིས་ རྒྱ་ནག་གི་སྦའེ་དྲུ་དྲ་རྒྱའི་ལྟེ་གནས་ཁང་ལ་འདྲི་རྩད་གནང་པའི་ཕྱག་བྲིས་ཤིག་ཕྱིར་བསྒྲགས་གནང་འདུག་པ་དང་ ཕྱག་བྲིས་དེའི་ཐོག་རྒྱ་ནག་གི་དྲ་རྒྱ་ཁེ་ལས་ཁང་ནས་ཨ་རིའི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་དང་ ཟུང་འབྲེལ་གྱི་ཚོང་ལས་སྤེལ་ཕྱོགས་སྐོར་ཞིབ་ཕྲའི་འཆར་གཞི་ཙམ་མ་ཟད་ དྲ་རྒྱའི་ཐོག་མང་ཚོགས་ཀྱི་སྨྲ་བརྗོད་ཀྱི་རང་དབང་སྲུང་སྐྱོབ་བྱ་ཕྱོགས་ཐད་ ཞིབ་ཕྲ་གསལ་འདོན་དགོས་གལ་སྐོར་དགོས་འདུན་བཏོན་གནང་བཞག གནས་ཚུལ་དེའི་སྐོར་ཕེརན་སི་གསར་འགྱུར་ལས་ཁང་གིས་སྦའེ་དྲུ་དྲ་རྒྱའི་ལྟེ་གནས་ཁང་ལ་དགོངས་ཚུལ་བཅར་འདྲི་བྱ་སྐབས་ལན་འདེབས་གང་ཡང་བྱུང་མིན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎