རྒྱ་ནག་གི་དངུལ་གྱི་འཛའ་ཐང་དམའ་པོའི་དཀའ་རྙོག།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཕྱོགས་ནས་རྒྱ་ནག་གི་དངུལ་གྱི་འཛའ་ཐང་དམའ་པོ་གཏན་འབེབས་བྱས་པའི་དཀའ་རྙོག་སེལ་ཐབས།

2010.12.14

༄༅༎ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཕྱོགས་ནས་རྒྱ་ནག་གི་དངུལ་གྱི་འཛའ་ཐང་དམའ་པོ་གཏན་འབེབས་བྱས་པའི་དཀའ་རྙོག་སེལ་བའི་ཆེད་དུ་གྲོས་ཚོགས་འོག་མས་གཏན་འབེབས་གནང་བའི་ཁྲིམས་གཞི་གཏན་འབེབས་འབད་བརྩོན་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག་་ ཨ་མི་རི་ཀའི་གྲོས་ཚོགས་འོག་མས་འདི་ལོ་ཕྱི་ཟླ་དགུ་པའི་ནང་མང་མོས་ཀྱི་ཐོག་ནས་རྒྱ་ནག་གི་དངུལ་ཀྱི་འཛའ་ཐང་དེ་རྒྱལ་སྤྱིའི་ཁྲོམ་རའི་ཤུགས་རྐྱེན་ལ་རྩིས་མེད་ཀྱི་ཐོག་ནས་དངུལ་གྱི་དངོས་གཞི་རིང་གོང་ལས་བརྒྱ་ཆ་༡༥ནས་༤༠ཙམ་ཉུང་དུ་བཏང་བ་ངོས་འཛིན་གྱི་ཐོག་ནས་ཨ་མི་རི་ཀའི་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་དངོས་ཟོག་ཨ་མི་རི་ཀའི་ཁྲོམ་རའི་ནང་ ནང་འདྲེན་བྱས་པའི་ཐོག་རྒྱ་ནག་གི་དངུལ་གྱི་འཛའ་ཐང་དམའ་པོ་བཞག་པ་གུན་གསབ་ཀྱི་ཆེད་དུ་འགག་སྒོའི་དཔྱ་ཁྲལ་འགེལ་ཆོག་པའི་ཁྲིམ་གཞིའི་ཐོག་གྲོས་ཚོགས་འོག་མིའི་འཐུས་མི་༣༤༨ཀྱིས་རྒྱབ་སྐྱོར་མུ་མཐུད་གནང་ཡོད་པ་དང་ ༧༩མོས་མཐུན་གནང་མེད་པའི་ཐོག་ནས་གཏན་འབེབས་གནང་བ་རེད་། འོན་ཀྱང་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱུང་མེད་ཅིང་། འོན་ཀྱང་ཐེངས་འདིར་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཤེ་རོརྡ་སྦ་རའོན་དང་ཨོ་ལིམ་པི་ཡ་སི་ནོ་གཉིས་ཀྱིས་ཁྲིམས་གཞི་དེ་ཨ་མི་རི་ཀའི་མི་མང་གི་དཔྱ་ཁྲལ་བཅོག་པའི་ཁྲིམས་གཞིའི་གྲོས་འཆར་མཉམ་དུ་བཏང་ནས་གཏན་འབེབས་ཀྱི་འབད་བརྩོན་གནང་གི་ཡོད་པ་རེད་འདུག་། གལ་ཏེ་གྲོས་ཚོགས་ཀྱིས་ཚོགས་ཐེངས་འདིའི་ཐོག་ཐག་ཆོད་གཏན་འབེབས་གནང་མ་ཐུབ་ནས་གྲོས་འཆར་གྱི་དུས་ཚོད་རྗོགས་ནས་བརྩི་མེད་དུ་འགྲོ་གི་ཡོད་པ་རེད་འདུག་། ཨ་མི་རི་ཀའི་ནང་རྒྱ་ནག་གི་དངུལ་གྱི་འཛའ་ཐང་ཐོག་བཅོས་མའི་རིང་གོང་གཏན་འབེབས་བྱས་པར་་སྐྱོན་བརྗོད་ཤུགས་ཡོང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎