ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱ་ནག་ཏུ་འཚམས་གཟིཌ།

སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་རྗོན་མེཀེན་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་རྣམ་གཉིས་ལྷན་དུ་བཀའ་མོལ་གནང་བ།

2009.04.09

༄༅༎ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་རྗོན་མེཀེན་མཆོག་གིས་དེ་རིང་རྒྱ་ནག་གི་རྒྱལ་སའི་ནང་བྱང་ཀོ་རི་ཡས་ཉེ་ཆར་མེ་ཤུགས་འཕུར་མདེལ་ཚོད་བལྟ་བྱས་པའི་གནད་དོན་ཐད་རྒྱ་ནག་གི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་རྣམ་གཉིས་ལྷན་དུ་བཀའ་མོལ་གནང་ཡོད་པ་རེད།

དེའི་རྗེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ་བྱང་ཀོ་རི་ཡའི་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཁང་གིས་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལ་བརྩི་མེད་བཏང་སྟེ་ཉེ་ཆར་ཉི་ཧོང་གི་མཁའ་དབྱིངས་ནང་མེ་ཤུགས་འཕུར་མདེལ་འཕེན་པའི་བྱས་ངན་དེར་རྒྱ་ནག་གིས་རང་ཉིད་བྱང་ཀོ་རི་ཡའི་བློ་མཐུན་རྒྱལ་ཁབ་ཡིན་པའི་ཆ་ནས་རང་ཉིད་ཀྱི་ནུས་ཤུགས་བེད་སྤྱོད་བཏང་སྟེ་བྱང་ཀོ་རི་ཡར་ཉེས་ཆད་གཏོང་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད། འོན་ཀྱང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་འདས་པའི་ལོའི་ནང་གི་ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་གྲོས་ཚོགས་ཀྱི་ཚོགས་མི་བགྲེས་པ་རྗོན་མེ་ཀེན་མཆོག་གིས་བཏོན་གནང་བའི་དགོངས་འཆར་དེར་རྒྱ་ནག་གཞུང་གིས་དེ་མ་ཐག་ཏུ་དགག་ལན་རྒྱབ་ཡོད་པ་རེད། རྒྱ་ནག་གིས་བྱང་ཀོ་རི་ཡར་དམིགས་རྒྱུའི་ཐབས་བྱུས་གཙོ་བོ་ནི་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་འཆར་གཞི་དེ་དོར་ཐབས་སླད་དུ་རྒྱལ་ཁབ་དྲུག་གི་ལྷན་ཚོགས་ནང་བྱང་ཀོ་རི་ཡས་སླར་ཡང་ཤུགས་ཏེ་ཀོ་རི་ཡའི་ཕྱེད་གླིང་དེ་བཞིན་ཞི་བདེའི་མངའ་ཁུལ་ཞིག་ཏུ་ངོ་བོ་བསྒྱུར་ཐབས་བྱ་རྒྱུ་དེ་ཡིན་པ་རེད། དེར་བརྟེན་བྱང་ཀོ་རི་ཡའི་ཕྱོགས་ལ་རྒྱ་ནག་གཞུང་གིས་ཞི་འཇམ་གྱི་ལངས་ཕྱོགས་འཛིན་གྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎