ཨ་རི་དང་རྒྱ་ནག་བར་དཔལ་འབྱོར་དང་འཐབ་ཇུས་གྲོས་མོལ།

ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་དུ་ཨ་རི་དང་རྒྱ་ནག་བར་ཉིན་གཉིས་རིང་དཔལ་འབྱོར་དང་འཐབ་ཇུས་གྲོས་མོལ་གནང་རྒྱུ་ཡིན་པའི་གནས་ཚུལ།

2011.05.06

༄༅༎ཕྱི་ཟླ་ལྔ་པའི་ཚེས༩ ནས ༡༠ བར་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་དུ་ ཨ་རི་དང་རྒྱ་ནག་བར་དཔལ་འབྱོར་དང་འཐབ་ཇུས་གྲོས་མོལ་གནང་རྒྱུ་ཡིན་པ་དང་དེའི་ཐོག་ཨ་རི་གཞུང་གིས་གཙོ་བོ་མི་མང་ཤོག་སྒོར་གྱི་་ཐང་འཕར་ཆའི་གནད་དོན་སྐོར་བཏོན་རྒྱུ་ཡིན་འདུག 

ད་ལོའི་ཨ་རི་དང་རྒྱ་ནག་དབར་དཔལ་འབྱོར་དང་འཐབ་ཇུས་སྐོར་གྱི་ལོ་འཁོར་གྲོས་མོལ་ལྷན་ཚོགས་དེའི་སྐབས། ཨ་རི་ཕྱོགས་ནས་ རྒྱ་ནག་གཞུང་གིས་མི་མང་ཤོག་སྒོར་གྱི་་ཐང་མུ་མཐུད་ཐོ་རུ་གཏང་རྒྱུའི་སྐོར་གཙོ་བོར་བཏོན་རྒྱུ་ཡིན་པ་དང༌། ཨ་རིའི་ནོར་སྲིད་ལས་ཁང་གི་དཔོན་རིགས་ཌེ་བིཌ་ ལོ་བིང་གར་གྱིས་གསུང་བར་གཞིགས་ནཟླ་བ་བཅོ་བརྒྱད་ཙམ་གྱི་གོང་རྒྱ་ནག་གི་མི་མང་ཤོག་སྒོར་གྱི་་ཐང་ལ་འཕར་ཆག་གང་ཡང་བྱུང་མེད་པ་དང་ཡིན་ནའང་ད་ལྟའི་རྒྱ་ནག་གཞུང་གིས་མི་མང་ཤོག་སྒོར་གྱི་་ཐང་སྤར་ཆ་བྱ་རྒྱུའི་འདུན་པ་ཡོད་པ་དེ་མཐོང་ཐུབ་རྒྱུ་ཡོད་པའི་སྐོར། རེས་གཟའ་ཕུར་བུའི་ཉིན་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་སྐབས་གསུང་འདུག 

ཡིན་ནའང་དཔོན་རིགས་ཁོང་གིས་མི་མང་ཤོག་སྒོར་གྱི་་ཐང་རྒྱལ་ཁབ་གཞན་གྱི་་ཐང་བཞིན་ཁྲོམ་རའི་འགྲོ་སྟངས་བཞིན་འཕར་ཆག་བྱེད་ཀྱི་མེད་སྟབས  མི་མང་ཤོག་སྒོར་གྱི་་ཐང་ད་དུང་ཡང་རྒྱལཁབ་གཞན་དང་བསྡུར་ན་འཕར་ཆག་མུ་མཐུད་བྱ་དགོས་ཀྱི་ཡོད་པ་གསུང་འདུག    

དེ་བཞིན་ཨ་རིའི་དཔལ་འབྱོར་ལྷན་ཁང་གི་དྲུང་ཆེ་སྒེ་རི་ལོག་གིས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཕྱི་རྒྱལ་གྱི་མ་རྩ་བཙུགས་མཁན་ཚོར་མ་རྩ་འཛུགས་འཇོག་སྐོར་གྱི་སྲིད་ཇུས་གསར་པ་གཏན་འབེབས་བྱས་ནས  ཨ་རིའི་ཚོང་པ་ཚོའི་གནས་བབ་ལ་དཀའ་ངལ་བཟོ་ཡོད་པའི་སྐོར་ཡང་གསལ་སྟོན་གནང་འདུག  གཟའ་འཁོར་རྗེས་མ་ཨ་རིའི་ནང་ཚུགས་རྒྱུའི་ཨ་རི་དང་རྒྱ་ནག་དབར་དཔལ་འབྱོར་དང་འཐབ་ཇུས་ཀྱི་ལྷན་ཚོགས་དེའི་ཐོག་གོང་ཞུས་གནད་དོན་ཚུད་པའི་གནད་དོན་མང་པོ་ཞིག་གི་ཐོག་གྲོས་མོལ་གནང་འཆར་ཡོད་པ་དང་ལྷན་ཚོགས་དེར་ཡུལ་གྲུ་གཉིས་ཀས་གལ་འགངས་ཆེན་པོ་ཞིག་ཡང་རྩིས་ཀྱི་ཡོད་ཅིང་  ཡིན་ནའང་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིསད་རེས་ཀྱི་ལྷན་ཚོགས་དེ་བརྒྱུད་ནས་གལ་འགངས་ཆེ་བའི་གནད་དོན་ཐག་གཅོད་རིགས་ཡོང་རྒྱུ་ཁག་པོ་ཡིན་པའི་བསམ་ཚུལ་གསུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎