རྒྱ་ནག་གཞུང་གིས་བོད་དོན་གླེང་སློང་འགོག་ཐབས་བྱེད་བཞིན་པ།

རྒྱ་གཞུང་གིས་བོད་ཀྱི་གནད་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་གླེང་སློང་འགོག་ཐབས་བྱེད་བཞིན་པ།

2009.02.01

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་དུས་མཚམས་ངེས་ཅན་བསྐྱར་ཞིབ་གནང་བཞིན་པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་ལུགས་འགྲེལ་བརྗོད་བྱས་ཏེ་གླེང་སློང་འགོག་ཐབས་བྱེད་བཞིན་པ་རེད།

འདི་ཟླའི་ཚེས་དགུའི་ཉིན་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་ཐོག་དུས་མཚམས་ངེས་ཅན་གྱི་བསྐྱར་ཞིབ་དུས་ཡུན་ཆུ་ཚོད་གསུམ་རིང་གནང་རྒྱུ་ཡིན་ཞིང་རྒྱ་ནག་གི་སྐུ་ཚབ་དང་བགྲོ་གླེང་གནང་བ་ཁག་ཐད་ཀར་དྲ་རྒྱའི་ཐོག་རྒྱང་སྲིང་བྱ་རྒྱུ་ཡིན་པ་རེད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཟུར་ཉན་དུ་ཕེབས་པ་རྣམས་བགྲོ་གླེང་ནང་མཉམ་བཞུགས་ཆོག་གི་མེད་པ་རེད། རྒྱ་ནག་གཞུང་གི་སྙན་ཐོ་འབུལ་ལམ་ཞུས་པའི་ནང་བོད་ཀྱི་གནད་དོན་སྐོར་ཚིག་གཅིག་ཀྱང་འཁོད་མེད་པ་རེད། བཙན་བྱོལ་བོད་གཞུང་གི་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་གསུངས་ན་རྒྱ་ནག་གཞུང་གིས་བྱེད་ཕྱོགས་དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འགན་ཁུར་མ་ཞུས་པ་ཡིན་པ་མ་ཟད་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་མཚོན་རྟགས་ཤིན་ཏུ་མངོན་པར་གསལ་བ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་གླེང་སློང་འགོག་ཐབས་བྱེད་བཞིན་པ་དེ་ལྟར་ཡང་རྒྱ་ནག་གི་འགྲོ་བ་མིའི་གནས་སྟངས་ཐོག་བགྲོ་གླེང་ཕྱི་ཚེས་དགུའི་ཉིན་གནང་རྒྱུའི་དུས་ཚེས་གཏན་འབེབས་གནང་ཡོད་པའི་གོང་དུ་སུད་ལྦེ་ཌེན་རྒྱལ་ཁབ་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ནང་དམ་བསྒྲགས་སྐོར་གླེང་སློང་གནང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎