ལོན་ཀྲོན་གཙུག་ལག་སློབ་གྲྭས་རྒྱ་ནག་ལ་དགོངས་སེལ་ཞུས་མེད་པ།

༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་མཁས་དབང་གི་ཕྱག་འཁྱེར་ཕུལ་བ་དེར་དབྱིན་ཡུལ་གཙུག་ལག་སློབ་གྲྭས་རྒྱ་ནག་ལ་དགོངས་སེལ་ཞུས་མེད་པ་རེད།

2008.07.11

༄༅༎དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་གྱི་གཙུག་ལག་སློབ་གྲྭས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་མཁས་དབང་གི་ཕྱག་འཁྱེར་ཕུལ་བ་དེར་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་བྱས་ཡོད་ཀྱང་གཙུག་ལག་སློབ་གྲྭ་དེའི་ཚོགས་གཙོ་གཞོན་པས་རྒྱ་ ནག་གཞུང་ལ་དགོངས་སེལ་ཞུས་མེད་པའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

རེས་གཟའ་མིག་དམར་ཉིན་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་ལ་ཉེ་ཆར་ལོན་ཀྲོན་གྱི་གཙུག་ལག་སློབ་གྲྭས་ཏཱ་ལའི་བླ་མར་ཆེ་བསྟོད་ཀྱི་མཁས་དབང་གི་ཕྱག་འཁྱེར་ཕུལ་བ་དེར་རྒྱ་ནག་གཞུང་ལ་དགོངས་སེལ་ཞུས་ཡོད་ལུགས་ཀྱི་གནས་ཚུལ་སྤེལ་བའི་རྗེས་རྩོད་གཞིའི་གནད་དོན་བྱུང་བ་ཡིན་ཞིང༌། ལོན་ཀྲོན་གཙུག་ལག་སློབ་གྲྭས་སྤེལ་བའི་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་དེའི་ནང་ལ་དོན་རྐྱེན་འབྱུང་རིམ་གསལ་བཤད་གནང་བའི་ནང་། རྒྱལ་ས་ལོན་ཀྲོན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཉེ་ཆར་གཙུག་ལག་སློབ་གྲྭའི་ཚོགས་གཙོ་གཞོན་པ་ སྦ་རའེན་རོ་པར་ དང་ཐུག་འཕྲད་བྱེད་དགོས་པའི་དགོས་འདུན་བཏོན་པ་བཞིན་ཐུག་འཕྲད་བྱེད་པའི་སྐབས་རྒྱ་ནག་གཞུང་ཚབ་ལས་ཁང་གི་ལོན་ཀྲོན་གཙུག་ལག་སློབ་གྲྭས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་བ་དེས་རྒྱ་ནག་མི་དམངས་དགའ་པོ་བྱུང་མེད་ལུགས་ཀྱི་བློ་ཕམ་བྱུང་ཚུལ་གྱི་སྐད་ཆ་བཤད་ཡོད་པ་དང་ཡིན་ནའང་ལོན་ཀྲོན་གཙུག་ལག་སློབ་གྲྭའི་ངོས་ནས་དེའི་སྐོར་ལ་རྒྱ་ནག་གཞུང་ལ་དགོངས་སེལ་ཞུས་མེད་པ་དང་མ་འོངས་པ་ཡང་དགོངས་སེལ་ཞུ་རྒྱུ་མིན་ཞེས་གསལ་པོ་འགྲེལ་བརྗོད་གནང་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎