བོད་ནང་རྒྱ་རིགས་འབོར་ཆེ་གནས་སྤོས་བྱེད་པའི་གནད་དོན།

བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོས་ཀྱི་གནད་དོན་སྐོར་ཨེསི་ཊོ་ནི་ཡའི་ནང་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་འདུག

2008.09.22

༄༅༎ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཨེསི་ཊོ་ནི་ཡ་ནང་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་སྒྲིག་འཛུགས་ཀྱི་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་མི་མང་གི་ཐོབ་ཐང་ཚོགས་པ་བཅས་ཀྱིས་བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོས་ཀྱི་གནད་དོན་སྐོར་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བའི་གནས་ཚུལ་ཐོན་འདུག

དེ་ཡང་བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་ཨེ་སི་ཊོ་ནི་ཡའི་གྲོང་ཁྱེར་ཊ་ལིན་དུ་བསྐོང་ཚོགས་གནང་བའི་མི་རིགས་གནས་སྤོས་ཀྱི་བཞུགས་མོལ་ཚོགས་འདུའི་ནང་རི་གི་ཀོ་གུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེ་ལེཀ་སེ་ལོཏ་མེན་དང་ མི་མང་གི་ཐོབ་ཐང་ཁང་གི་ཚོགས་གཙོ་ལི་ནའཏེ་མོལ་དང་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་མེ་རི་ནོ་སྦུསི་རྡ་ཆིན་དང་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་འཐུད་སྐུ་ཚབ་དོན་ངག་དབང་ཆོས་འཕེལ་ལགས་ཀྱིས་བཞུགས་མོལ་ཚོགས་འདུའི་ནང་མཉམ་ཞུགས་གནང་ཡོད་ཅིང༌། བཞུགས་མོལ་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་རྣམས་ཀྱིས་སྔོན་སྦོལ་ཊིཁ་ས་ཁུལ་ཁག་ཨུ་རུ་སུའི་དབང་འཛིན་འོག་ཏུ་ཡོད་པའི་སྐབས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་མི་རིགས་གནས་སྤོས་བྱས་པའི་ཉམས་མྱོང་དང་ལྷན་དོན་དུ་བོད་ནང་བོད་མི་གནས་ཡུལ་ས་ཁུལ་དུ་འཆར་གཞི་ལྡན་པའི་ཐོག་ནས་རྒྱ་རིགས་འབོར་ཆེན་གནས་སྤོས་བྱས་པའི་ཤུགས་རྐྱེན་དང་ དེ་བཞིན་སྔོན་ཨུ་རུ་སུའི་དབང་འཛིན་འོག་ཏུ་ཡོད་པའི་སྦོལ་ཊིཁ་ས་ཁུལ་དུ་མི་རིགས་གནས་སྤོས་ཀྱི་ལོ་རྒྱུས་དང་ད་ལྟ་བོད་ནང་རྒྱ་ནག་གི་མི་རིགས་གནས་སྤོས་ཀྱི་གནས་བབ་གཉིས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་ཚུལ་གང་ཡོད་སྐོར་གཏམ་བཤད་བགྲོ་གླེང་གནང་ཡོད་པ་རེད་འདུག ཁོང་རྣམས་ཀྱིས་བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོས་ཀྱི་སྲིད་བྱུས་ངན་པ་དེར་གདོང་ལེན་གྱི་ཆེད་དུ་རྒྱལ་སྤྱིའི་ཁྲིམས་ཀྱི་ནུས་པ་ག་ཚོད་ཐོན་ཐུབ་མིན་སོགས་ཀྱི་སྐོར་ཀྱང་གཏམ་བཤད་བགྲོ་གླེང་གནང་འདུག

བཞུགས་མོལ་ཚོགས་འདུའི་གྲུབ་འབྲས་གཙོ་བོ་གཅིག་ནི་ལོ་རྗེས་མའི་ནང་རྒྱལ་སྤྱིའི་བཞུགས་མོལ་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་ནས་ རྒྱལ་སྤྱིའི་ཁྲིམས་ལ་མཁས་པ་དང་མི་རིགས་གནས་སྤོས་ཀྱི་གནད་དོན་ཐོག་ཉམས་ཞིབ་མཁས་དབང་ཁག་དང་ མི་རིགས་གནས་སྤོས་ཀྱི་དཀའ་ངལ་མྱོང་མིའི་ཉམས་མྱོང་གི་གཏམ་བཤད་སོགས་གོ་སྒྲིག་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎