ཁམས་དཀར་མཛེས་ཁུལ་དུ་བོད་མི་བཞི་འཛིན་བཟུང་བྱས་པ།

ཁམས་དཀར་མཛེས་ཁུལ་དུ་མི་ཚང་རེ་རེ་བཞིན་བསྔོགས་བཤེར་བྱས་ནས་དོགས་གཞི་ཡོད་པ་ཟེར་བའི་མི་སྣ་རྩད་ཞིབ་བྱེད་ཀྱི་ཡོད་འདུག

2009.04.20

༄༅༎ཕྱི་ཟླ་གསུམ་པའི་ཟླ་སྟོད་ཙམ་དུ་ཁམས་དཀར་མཛེས་ཁུལ་དུ་རྒྱ་ནག་ཉེན་རྟོག་ལས་ཁང་དུ་འབར་རྫས་གས་གཏོར་གྱི་གནས་ཚུལ་བྱུང་བའི་རྗེས་རྒྱ་ནག་དྲག་ཆས་ཉེན་རྟོག་པ་དང་རྒྱ་ནག་བདེ་འཇགས་ལས་ཁང་གིས་འཕྲལ་མ་ཉིད་དུ་བོད་མི་བཞི་འཇུ་བཟུང་བྱས་ཡོད་པའི་ཁར་དྲག་ཆས་ཉེན་རྟོག་པ་དང་བདེ་སྲུང་དམག་མི་ཁྱོན་མི་གྲངས་བདུན་ཅུ་ལྷག་ཙམ་ཞིག་ཆེད་གཏོང་བྱས་ནས་ས་ཁུལ་དེའི་ནང་མི་ཚང་རེ་རེ་བཞིན་བསྔོགས་བཤེར་བྱས་ནས་དོགས་གཞི་ཡོད་པ་ཟེར་བའི་མི་སྣ་རྩད་ཞིབ་བྱེད་ཀྱི་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་འདུག

གོང་ཞུས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་ཚོས་ཁམས་དཀར་མཛེས་ཁུལ་གྱི་ཕོ་གོ་ཤི་གྲོང་སྡེའི་སྒང་རི་ས་གནས་ནང་ནས་ཉུང་ཐར་ཡང་བོད་མི་བཅུ་འཛིན་བཟུང་བྱས་ཡོད་པ་དང་ས་གནས་དེའི་ནང་གཞོན་སྐྱེས་འཛིན་བཟུང་དུ་ཚུད་པ་ཕུད་དེ་མིན་མང་ཆེ་བ་ས་གནས་ནང་གནས་ཐབས་བྲལ་ནས་བྲོས་བྱོལ་དུ་བསྐྱོད་ཏེ་ས་ཁུལ་དེའི་ནང་ས་ཞིང་འདེབས་ལས་བྱེད་མཁན་མི་འདེངས་བའི་དཀའ་ངལ་ཆེན་པོའི་ནང་གནས་མུས་ཡིན་པ་རེད།

དེ་བཞིན་ཆབ་མདོ་རྫོང་ཁོངས་ཀྱི་རྒྱ་མདའ་ས་གནས་ནང་ཡོད་པའི་བདེ་མོ་ཆོད་འཁོར་དགོན་པའི་དགེ་འདུན་པ་ཁག་ཅིག་ཕྱི་ཟླ་བཞི་པའི་ཆེས་གཅིག་གཡས་གཡོན་དུ་འཛིན་བཟུང་བྱས་ཡོད་པ་དང་ཡིན་ནའི་ད་ལྟའི་ཆར་དགེ་འདུན་པའི་གྲངས་ཚད་དང་ཁོང་རྣམས་སུ་ཡིན་མིན་ཤེས་རྟོག་གསལ་པོ་བྱུང་མེད་ཅིང་དེ་མིན་ཁམས་དཀར་མཛེས་ཁུལ་ནང་ས་ཞིང་འདེབས་ལས་བྱ་རྒྱུར་མིན་པའི་ལས་འགུལ་སྤེལ་བའི་རྐྱེན་གྱིས་མི་གྲངས་བཅོ་ལྔ་ལྷག་འཛིན་བཟུང་བྱས་ཡོད་པ་སོགས་བོད་ནང་ད་དུང་ཡང་རྒྱ་ནག་གཞུང་གི་ཉེན་རྟོག་དམག་མིས་བོད་མི་འཛིན་བཟུང་མུ་མཐུད་ནས་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎