ཨ་རིས་རྒྱ་ནག་ལ་བོད་དོན་རེ་འདུན་མུ་མཐུད་འདོན་རྒྱུ།
2012.12.15
༄༅༎ཕྱི་ཚེས་༡༤ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་ལྷན་ཚོགས་སྐབས། ཨ་རིའི་སྲིད་འཛིན་ཕོ་བྲང་གི་མགྲིན་ཚབ་པའི་ལས་རོགས་Ventrell ཡིས། ང་ཚོས་ཡོངས་གྲགས་དང་ཡོངས་གྲངས་མིན་པའི་ཐབས་ལམ་སྣ་ཚོགས་བརྒྱུད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུས་དེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཐུན་མིན་ངོ་བོ་སོགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དང་། བོད་མི་རྣམས་ཛ་དྲག་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་སྲིད་བྱུས་དེ་དག་ལ་འགྱུར་བ་གཏོང་དགོས་པའི་རེ་འདུན་བཏོན་དང་འདོན་མུས་ཡིན་པ་མ་ཟད། ད་རེས་ཀྱང་འཇིགས་སྣང་གང་ཡང་མེད་པའི་ཁོར་ཡུག་འོག བོད་མི་རྣམས་ལ་རང་གི་དཀའ་ངལ་རྣམས་ཡོངས་གྲགས་གསལ་སྟོན་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཞུ་རྒྱུ་དང༌། གནད་དོན་འདི་ནི་ང་ཚོས་རྒྱ་ནག་དང་ལྷན་གྲོས་མོལ་བྱ་རྒྱུའི་ཆ་ཤས་གཙོ་བོ་ཞིག་ཆགས་ཡོད་ཅེས་བརྗོད་འདུག