བུད་མེད་དཔལ་འབྱོར་རིག་པ་ཁག་ཅིག་གིས་ཨ་རིའི་ནོར་སྲིད་དྲུང་ཆེ་དང་མཇལ་བར་རྒྱ་ནག་གི་མི་མང་པོས་སྐྱོན་བརྗོད་བྱས་འདུག

2023.07.10
བུད་མེད་དཔལ་འབྱོར་རིག་པ་ཁག་ཅིག་གིས་ཨ་རིའི་ནོར་སྲིད་དྲུང་ཆེ་དང་མཇལ་བར་རྒྱ་ནག་གི་མི་མང་པོས་སྐྱོན་བརྗོད་བྱས་འདུག རྒྱ་རིགས་བུད་མེད་དཔལ་འབྱོར་རིག་པ་བ་དྲུག་གིས་ཨ་རིའི་ནོར་སྲིད་དྲུང་ཆེ་དང་མཇལ་སྐབས། ༠༧།༠༨།༢༠༢༣
REUTERS

ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་ལྕམ་(Janet Yellen)་ནི་ཨ་རིའི་དཔལ་འབྱོར་དང་འབྲེལ་བའི་གཞུང་གི་ཆེས་མཐོའི་ལས་གནས་བཟུང་མཁན་བུད་མེད་ཐོག་མ་ལྟ་བུ་དེ་ཆགས་ཀྱི་ཡོད་ཅིང་། དེ་ནི་དཔལ་འབྱོར་རིག་གནས་ཀྱི་ལས་དོན་ནང་ཞུགས་པའི་བུད་མེད་ཚོར་དམིགས་བསལ་གྱི་བློ་རྒྱ་སྐྱེད་གཞི་ཞིག་ཆགས་ཡོད་པ་རེད། དེར་བརྟེན་ད་རེས་ཁོང་རྒྱ་ནག་ནང་འཚམས་གཟིགས་སྐབས་ཚེས་༨ཉིན་རྒྱ་ནག་གི་བུད་མེད་དཔལ་འབྱོར་རིག་གནས་བ་༦གིས་ཁོང་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་ནི་གཙོ་བོ་ཁོང་གི་ཕྱག་ལས་ནས་བློ་སྐྱེད་ལེན་ཐབས་ཀྱི་འབད་བརྩོན་ཞིག་ཡིན་པ་རེད། འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་ཐོག་བུད་མེད་དྲུག་པོ་དེས་ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་དང་མཇལ་འཕྲད་ཞུས་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་དང་། ཁག་ཅིག་གིས་ཁོང་རྣམས་རྒྱལ་ཚོང་པ་རེད་ཅེས་སྐྱོན་བརྗོད་ཡང་བྱེད་བཞིན་པའི་ཁྲོད། རྒྱ་རིགས་བུད་མེད་དཔལ་འབྱོར་རིག་གནས་མཁས་པ་(Hao Jinfang)་ནི་རྒྱལ་ཚོང་པ་ཡིན་པ་མ་ཟད། བུད་མེད་ཀྱི་ཐོབ་ཐང་ཤུགས་ཆེར་རྩོད་མཁན་གྱི་རྒྱ་རིགས་བུད་མེད་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག
ཡིན་ན་ཡང་(Hao Jinfang)་ཡིས་དྲྭ་རྒྱའི་ཐོག ད་རེས་ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་ལྕམ་(Yellen)་དང་མཇལ་འཕྲད་གནང་དགོས་དོན་གཙོ་བོ་ནི། ཁོང་གིས་རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་འབྲེལ་བའི་གནད་དོན་ཐད་ཕན་ཐོགས་ཡོང་ཐབས་དང་། བུད་མེད་གཞན་གྱི་མིག་དཔེ་ལྟ་ཡུལ་དུ་གྱུར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བྲིས་ཡོད་པ་རོའུ་ཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎