ཨ་རིས་རྒྱ་ནག་གི་ལག་རྩལ་སྤྱི་གཉེར་ཁང་དག་ལ་མ་རྩ་འཛུགས་འཇོག་མི་ཆོག་པའི་བཀག་སྡོམ་བྱས་འདུག

2023.08.10
ཨ་རིས་རྒྱ་ནག་གི་ལག་རྩལ་སྤྱི་གཉེར་ཁང་དག་ལ་མ་རྩ་འཛུགས་འཇོག་མི་ཆོག་པའི་བཀག་སྡོམ་བྱས་འདུག ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)
AFP

དེ་ཡང་ཨ་རིའི་ནོར་སྲིད་ལྷན་ཁང་གིས་སྤྱི་ཟླ་༨ཚེས་༩ཉིན་བཀག་སྡོམ་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་དུ། ཨ་རིའི་མ་རྩ་འཛུགས་མཁན་སྤྱི་གཉེར་ཁང་དག་གིས་རྒྱ་ནག་གི་ཚོར་བ་སྐྱེན་པའི་ལག་རྩལ་སྤྱི་གཉེར་ཁང་དག་ལ་མ་རྩ་འཛུགས་རྒྱུར་ཚད་བཀག་བཟོས་ཡོད་པ་མ་ཟད། དེ་མིན་གྱི་མ་རྩ་འཛུགས་པའི་རིགས་གཞན་དག་ཀྱང་ཨ་རིའི་གཞུང་ལ་ཡར་ཞུ་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད།
གོང་ཞུས་ཨ་རིའི་ནོར་སྲིད་ལྷན་ཁང་གིས་བསྒྲགས་པའི་བཀག་སྡོམ་བཀའ་རྒྱ་དེའི་ནང་། གལ་ཏེ། གནད་དོན་ཡོད་པའི་རྒྱལ་ཁབ་དང་དེ་དང་འབྲེལ་ཡོད་ཁག། ལྷག་པར་རྒྱ་ནག་ལྟ་བུའི་ཕྱིའི་རྒྱལ་ཁབ་ཀྱི་མངོན་ཐོན་ལག་རྩལ་ཡོད་པའི་རིགས་ལ་ཨ་རིའི་མ་འཛུགས་སྤྱི་གཉེར་ཁང་དག་གིས་མ་རྩ་འཛུགས་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་དང་། ཨ་རིའི་ནོར་སྲིད་ལྷན་ཁང་གི་ཐག་གཅོད་དེ་ནི་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་སྲིད་འཛིན་གྱི་བཀོད་རྒྱ་ལྟར་གཏན་འཁེལ་བྱས་པ་ཞིག་ཡིན་ཞིང་། དེ་ནི་མི་རབས་རྗེས་མའི་དམག་གི་ལས་དོན་གསར་གཏོད་གྱི་འགག་རྩའི་ལས་དོན་དང་ནུས་རྩལ་ལ་སྲུང་སྐྱོབ་བྱེད་པ་བརྒྱུད་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་དང་། གཞན་ཨ་རིའི་རྒྱལ་ཁབ་ཀྱིས་རྒྱལ་ཁོངས་ལས་བརྒལ་བའི་མ་འཛུགས་ལ་ཁས་ལེན་བྱས་པའི་དམ་བཅའ་རྒྱུན་འཁྱོངས་བྱ་ཆེད་ཡིན་པ་ཡང་བཀོད་འདུག
དེའི་ཐད་ཨ་རིའི་སྤྱི་འཐུས་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་(Senator Rubio)་ལགས་ཀྱིས་སྤྱི་བསྒྲགས་ཞིག་སྤེལ་བའི་ནང་། བཀའ་ཁྱབ་དེ་རིགས་ཨ་རིའི་གཞུང་འཛིན་གྱིས་སྔ་ས་ནས་སྤེལ་དགོས་པ་ཞིག་དང་། སྲིད་འཛིན་འཇཱོ་སྦཡེ་ཌེན་གཞུང་འཛིན་གྱིས་གཞི་ནས་ཨ་རིས་རྒྱ་ནག་ནང་མ་འཛུགས་ཐད་ཚབས་ཆེན་གྱི་ནོར་འཁྲུལ་ཡོད་པ་ངོས་འཛིན་བྱས་ཀྱང་། ད་དུང་བྱེད་ཐབས་དེ་ལས་ལྷག་པ་ཕྱི་ཟླ་༩པའི་ནང་ཁོང་གིས་ཁྲིམས་འཆར་ཞིག་འདོན་རྒྱུ་ཡིན་པས་དེས་ཨ་རིའི་དཔལ་འབྱོར་དང་བདེ་དོན་ཐད་སྲུང་སྐྱོབ་ཐུབ་ངེས་རེད་ཅེས་བརྗོད་འདུག
ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Gallagher)་ལགས་ཀྱིས། ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་ནང་ཨ་རིས་མ་འཛུགས་ཐད་བཀག་སྡོམ་གྱི་བཀའ་ཁྱབ་དེ་གོམ་པ་ཆུང་ཡང་བཟང་ཕྱོགས་ཀྱི་ཁ་ཕྱོགས་སུ་ཕྱིན་པ་རེད། འོན་ཀྱང་། ད་དུང་དེས་འགྲིག་ཐབས་མེད་པ་ཞིག་རེད། གྲོས་ཚོགས་ཀྱིས་ངོས་ནས་རྒྱ་ནག་དམག་ཤོར་ཚོགས་པས་དམག་དོན་རྒྱ་སྐྱེད་དང་དམར་ཤོག་ཚོགས་པ་དང་འབྲེལ་བའི་ཁེ་གཉེར་ལས་ཁང་དང་ཤིན་ཅང་ཐེ་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སོགས་འགོག་ཐབས་དགོས་པ་བརྗོད་འདུག
དེའི་ཐད་ཚེས་༡༠ཉིན་རྒྱ་ནག་གི་ཚོང་དོན་ལས་ཁུངས་ཀྱིས། ཨ་རིས་ཚོར་བ་སྐྱེན་པའི་ལག་རྩལ་རིག་ལ་མ་རྩ་འཛུགས་འཇོག་བྱེད་རྒྱུ་མིན་པའི་ཐག་གཅོད་དེར་བློ་ཚབས་ཆེན་པོ་ཡོད་ལུགས་བརྗོད་ནས། ཨ་རིས་ཚོང་རྭའི་དཔལ་འབྱོར་གྱི་ཆོས་ཉིད་དང་། འགྲན་རྩོད་དྲང་བཞག་བྱེད་པའི་རྩ་དོན་ལ་གུས་བརྩི་བྱེད་དགོས་ལུགས་བརྗོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎