བཙན་བྱོལ་ནང་གི་ཡུ་གུར་བ་ཚོས་སོ་སོའི་ནང་མི་སྤུན་ཉེ་རྩད་གཅོད་ཀྱི་ལས་འགུལ།


2019.02.13
བཙན་བྱོལ་ནང་གི་ཡུ་གུར་བ་ཚོས་སོ་སོའི་ནང་མི་སྤུན་ཉེ་རྩད་གཅོད་ཀྱི་ལས་འགུལ། 2019/2/12 བཙན་བྱོལ་ནང་གི་ཡུ་གུར་བ་ཚོས་སོ་སོའི་ནང་མི་སྤུན་ཉེ་རྩད་གཅོད་ཀྱི་ལས་འགུལ། 2019/2/12
Rushan Abbas

བཙན་བྱོལ་ནང་གི་ཡུ་གུར་བ་ཚོས་རྒྱ་ནག་གཞུང་གི་བཀག་ཉར་འོག་ཡོད་པའི་སོ་སོའི་ནང་མི་སྤུན་ཉེ་རྩད་གཅོད་ཀྱི་ལས་འགུལ་སྤེལ་འགོ་ཚུགས་འདུག
བཙན་བྱོལ་ནང་གནས་པའི་ཡུ་གུར་ཁ་ཆེའི་མི་རིགས་ཚོས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་སར་ཟུར་དུ་བཀག་བསྐྱིལ་བྱས་པའི་ནང་གར་སོང་ཆ་མེད་དུ་གྱུར་བའི་རང་གི་ནང་མི་སྤུན་ཉེ་ཚོའི་བརྙན་པར་(video)་འདོན་སྤེལ་དགོས་པའི་ལས་འགུལ་ཞིག་འགོ་བཙུགས་འདུག
དེ་ཡང་ཏུར་ཀིའི་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་གཞུང་ནས་ཤར་ཏུར་ཀིས་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་གཅིག་ཙམ་ཟུར་དུ་བཀག་བསྐྱིལ་བྱེད་སའི་སྡོད་སྒར་ཁག་སྒོ་རྒྱག་དགོས་སྐོར་གཟའ་སྤེན་པའི་ཉིན་དགོས་འདུན་བཏོན་ཡོད་པ་དང་། ཏུར་ཀིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་(Hami Aksoy)་ཡིས་གོང་ཞུས་དགོས་འདུན་དེ་བཏོན་དགོས་དོན་ནི།  ཡུ་གུར་ཁ་ཆེའི་མི་རིགས་ཡིན་པའི་སྙན་ངག་པ་དང་གླུ་པ་གྲགས་ཅན་(Abdurehim Heyit)་ཡི་གླུ་གཞས་གཅིག་ལ་བརྟེན་ནས་རྒྱ་གཞུང་གིས་ལོ་བརྒྱད་རིང་བཙོན་འཇུག་བྱས་པའི་ལོ་དུས་གཉིས་ཚང་པ་དང་། ཉེ་དུས་ཁོང་རྒྱ་གཞུང་གིས་བཙོན་འཇུག་དོ་དམ་འོག་འཆི་རྐྱེན་བྱུང་བའི་གནས་ཚུལ་ཐོན་པའི་རྐྱེན་གྱིས་ཡིན་སྐོར་བསྒྲགས་གཏམ་ཞིག་སྤེལ་བའི་ནང་གསུངས་འདུག
དེ་ནས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་གསར་ལས་ཁང་ཞིག་གིས་(Heyit)གསོན་པོར་གནས་པའི་བརྙན་པར་ཞིག་འདོན་སྤེལ་བྱས་པའི་ནང་ཁོང་གི་གཟུགས་གཞི་བདེ་ཐང་ཡིན་པ་དང་། རྒྱ་གཞུང་གིས་ཁོང་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་མེད་ཚུལ་བརྗོད་ཡོད་པ་རེད། དེ་ནས་གཟའ་མིག་དམར་ཉིན་བཙན་བྱོལ་ནང་གནས་པའི་ཡུ་གུར་ཁ་ཆེའི་མི་རིགས་ཚོས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་ང་ཡང་ཡུ་གུར་ཡིན་(MeTooUyghur)་ཞེས་
པའི་ལས་འགུལ་ཞིག་འགོ་བཙུགས་ནས་བཙན་བྱོལ་དུ་ཡོད་པའི་ཡུ་གུར་བ་ཚོས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ནང་འཛིན་བཟུང་བཀག་ཉར་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་རྣམས་ཀྱི་བརྙན་པར་(video)་རྒྱ་ནག་གཞུང་གིས་་ཕྱི་ལ་འདོན་སྤེལ་བྱེད་དགོས་པའི་སྐུལ་མ་བྱས་པ་དང་། ཁོང་ཚོའི་སྤུན་ཉེ་རྣམས་རྒྱ་ནག་གཞུང་གིས་ཟུར་དུ་བཀག་བསྐྱིལ་བྱས་པའི་སྡོད་སྒར་ཁག་ལ་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་རེད།
ཨ་རིའི་ནང་བཞུགས་པའི་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་དོན་གཉེར་བ་(Rushan་Abbas)ཡིས་ཟླ་བ་ལྔ་ཡི་གོང་ལ་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་ཁོང་གི་གཅེན་པོ་(Dr.Gulshan་Abbas)་སྐོར་བརྙན་པར་(video)་ཞིག་རྒྱ་ནག་གཞུང་གིས་འཕྲལ་དུ་འདོན་སྤེལ་དགོས་སྐོར་ཁོང་གི་ངོ་དེབ་ཐོག་བརྙན་པར་ཞིག་བརྒྱུད་འབོད་སྐུལ་གནང་འདུག
ཡང་རྒྱ་གཞུང་གིས་བཀག་བསྐྱིལ་བྱས་པའི་སྡོད་སྒར་ནང་ཡོད་པའི་དོགས་གཞི་
ཡོད་པ་ཡུ་གུར་མི་རིགས་ཡིན་པ་བཞད་གད་སློང་མཁན་གྲགས་ཅན་(Adil Mijit)་ཡི་བུ་མོས་ཀྱང་གལ་ཏེ་ངའི་པ་ལགས་གསོན་པོར་གནས་པ་དང་བདེ་པོ་ཡིན་ཚེ་ང་ལ་སྟོན་དགོས་ཞེས་དང་ངའི་པ་ལགས་འཕྲལ་དུ་གློད་བཀྲོལ་དགོས་ཞེས་(twitter)དྲ་ལམ་བརྒྱུད་ནས་རྒྱ་ནག་གཞུང་ལ་བརྡ་ལན་བཏང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎